༄༅། །འབྲི་གུང་སྐྱོབ་པ་རིན་པོ་ཆེར་བསྟོད་པ་དད་པའི་གླིང་བུ་ཞེས་བྱ་བ།

བླ་མའཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། བདེ་ལྡན་ཞིང་གི་རྒྱལ་བ་དཔག་མེད་མགོན། འཛམ་གླིང་ཆོས་ཀྱི་ཤིང་རྟ་ཀླུ་ཡི་དབང་། བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་པའི་དབྱངས།སྤྲུལ་པའི་རྒྱལ་པོར་བསྒྱུར་བ་ཁྲི་སྲོང་ཞབས།སླར་ཡང་གངས་ཅན་སྐྱོབ་པའི་མགོན་པོ་རུ། སྐྱུ་རའི་རིགས་འཁྲུངས་༧རྒྱལ་བ་འབྲི་གུང་པ།
རིན་ཆེན་དཔལ་ཞེས་མཚནགྱི་སྤྲིང་ཡིག་སྙན། སྡོམ་བརྩོན་ཆེན་པོ་འཆལ་བའི་དྲི་མ་དབེན། མ་ལ་ཡ་ཡི་ནགས་ཀླུངདྲི་ཡིས་ཀྱང་།ཆ་ཤས་མཚོན་མིན་འཕགས་པདགྱེས་པའི་གསུང་།དཔག་ཚད་རེ་ཙམ་རི་སོར་བརྒྱབ་ཅིང་འཕྲོ། ལྷར་བཅས་འགྲོ་བ་ཀུན་གྱི་མཐོང་ན་དགའ། ཀུན་མཁྱེན་རྒྱལ་བ་ཐུབ་དབང་ཉི་མ་ཆེས།བཀའ་འཁོར་རིམ་པ་འདུལ་བྱའི་མོས་བློ་ཙམ། ངེས་དོན་མཐར་ཐུགས་དགོངས་པ་གཅིག་སྒྲུབ་པའི། རྡོ་རྗེའི་གསུང་ཚོམ་གཅིག་བརྒྱ་ལྔ་བཅུ་པ། བསྟན་པ་ཐམས་ཅད་འགལ་མེད་སྒྲུབ་པའི་གཞུང་། བསྟན་པའི་སྙིང་པོ་ཐེག་ཆེན་མཛེས་པའི་རྒྱན། སིང་ག་ལ་ཡི་དགྲ་བཅོམ་ཆེན་པོ་ཀྱང་།པདྨ་དཀར་པོའི་སྤྱི་བོར་ཆིངས་ཤིག་ཅེས། དོན་ལ་བསྔགས་བཞིན་ཤཀྱ་ཤྲཱི་ཡིས། མེ་ཏོག་སྐྱེས་ཕུལ་བསྟོད་བསྔགས་རྒྱུད་མང་སྒྲོགས། དེ་ལྟའི་དམ་པ་དམ་པས་བསྔགས་གྱུར་ན། བླུན་པོ་བསྟོད་ལ་ངོ་མཚར་ཅི་ཞིག་ཡོད། བདེ་གཤེགས་རྡོ་རྗེ་རྒྱལ་པོའི་ཐུགས་ཀྱི་སྲས། བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་སྤྱི་མེས་ཆེ། རྫུ་འཕྲུལ་ཆེན་པོས་ཆོས་ཀྱི་སྡེ་ཆེན་བཏབ། ངུར་སྨིག་འཛིན་པ་ས་སྟེང་ཐམས་ཅད་བཀང་། བྱིས་བློ་ར་བ་ལས་བརྒལ་རྟེན་གསུམ་བཞེངས། བདེ་བ་ཅན་དུ་གཤེགས་ལ་བསྟོད་པར་བགྱི། འགྲན་ཟླ་ཀུན་བྲལ་དཔལ་ལྡན་ཆོས་ཀྱི་རྗེ། དང་བའི་ཡིད་མཁ་ཅུང་ཟད་གསལ་བ་ལ། བློ་གྲོས་ངུར་པ་རྒན་པོའི་སྒྲ་དབྱངས་ཀྱི། བསྟོད་འདིས་ཆོས་ཀྱི་རྒྱལ་་པོའི་བྱིན་ཐོོབ་ཤོག།
ཅེས་པའང་སྐྱོབ་པ་རིན་པོ་ཆེའི་སྐུ་འདྲ་ལི་གསེར་རྒྱང་མཐོ་ལྷག་ཙམ་ཡིད་ངོར་འཆར་བའི་རྐྱེན་ལས་དད་པ་ཆེན་པོས་གསོལ་བ་བཏབ་པ་སིདྷི་རསྟུ  མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་གསུང་འབུམ་ལས་བཤུས། །