བཤེར་འཚོལ།

History-Banner

བརྟན་བཞུགས་ཆེན་མོའི་པར།

Loading script and Flickr images

14
11
13
12
10
11
9
8
7
6
5
4
3
2
1

གསལ་བསྒྲགས།

སྤྲེལ་ལོའི་བཀའ་ཆོས་ཆེན་མོ།

Monkey Year Teaching  2016 notice  Bodhi༄༅། །སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་མངའ་བདག་འབྲི་གུང་༧སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་ནས་སྤྱི་ལོ་ ༢༠༡༦ ཟླ་བ་ ༨ ཚེས་ ༥ ནས་༡༢ བར་ཉིན་བརྒྱད་ཀྱི་རིང་མང་ཡུལ་ལ་དྭགས་ལ་ལོག་འབྲི་གུང་བཀའ་བརྒྱུད་ཤར་དགོན་ཕུན་ཚོགས་ཆོས་གླིང་དུ་རྒྱལ་ཡོངས་འབྲི་གུང་བཀའ་བརྒྱུད་ཀྱི་སྤྲེལ་ལོའི་བཀའ་ཆོས་ཆེན་མོ་བཀའ་ཁྲིད་གནང་རྒྱུ།  

སྤྲེལ་ལོའི་བཀའ་ཆོས་ཆེན་མོའི་མཛད་རིམ་གཤམ་གསལ

Contact us: https://web.facebook.com/shachukul.gonpa

                   Mail: This email address is being protected from spambots. You need JavaScript enabled to view it.

 

5-16སྤྱི་ལོ་ ༢༠༡༥་ ཟླ་ ༣ ཚེས་ ༡༢ ཉིན་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས། ལ་དྭགས་གླེ་ཇོ་ཁང་དུ་མ་ཎིའི་སྒྲུབ་ཆེན་སྐབས་དད་ལྡན་ཆོས་ཞུ་བ་ཡོངས་ལ། འཕགས་པ་སྤྱན་རས་གཟིགས་ཀྱི་སྙིང་པོ་ཡི་གེ་དྲུག་མའི་གཟུངས་སྔགས་བཀའ་ཁྲིད་གནང་དོན།

 

སྤྱིར་ཨོཾ་ཞེས་པ་ནི་འགོ་འབྱེད་པ་དང་། བཀྲ་ཤིས་པ། ཁྱད་པར་འཕགས་པ་སོགས་ཀྱི་དོན་ཡིན་པ་རེད། ལྷག་པར་ཡི་གེ་ཨོཾ་དང་ཨཱཿཧཱུཾ་གསུམ་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བཟུངས་སྔགས་ཡིན་པ་རེད། དེ་འདྲ་ཡིན་དུས་སྔགས་དེ་གཙོ་བོ་ཞིག་དང་ཁྱད་པར་དུ་འཕགས་པ་ཞིག་ཡིན་པ་རེད།  ཁྱད་པར་འདིར་སྙིང་པོ་ཡི་གེ་དྲུག་མའི་སྐོར་བཤད་ཡག་ཡིན་སྟབས།

 

5-14ཡི་འབྲུ་རེ་རེའི་ཁ་མདོག་དང་། འགྲེལ་བཤད་རྒྱས་པ་རེ་ཡོད་ནའང་། ད་རེས་འདིར་གོ་དོན་སྙིང་སྡུས་ཞིག་ཞུས་པ་ཡིན་ན། གཉིས་པ་མ་ཎི་ནི་ནོར་བུ་དོན་ཡིན་པས། དགོས་འདོད་ཐམས་ཅད་ཡིད་བཞིན་འགྲུབ་པ་བཞིན་དུ། འཕགས་པ་སྤྱན་རས་གཟིགས་ཕྱག་བཞིའི་མདུན་གྱི་ཕྱག་གཉིས་ཀྱི་ནང་དུ་བཟུང་བའི་ནོར་བུ་དགོས་འདོད་ཀུན་འབྱུང་དེ་བཞིན་དུ། འགྲོ་བ་སེམས་ཅན་སུས་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ཡིན་ན། འདི་ཕྱི་ཀུན་གྱི་ཕན་བདེ་རླབས་པོ་ཆེ་འགྲུབ་ཐུབ་པ་དཔེ་དོན་ངོ་བོ་མཚན་ཉིད་དང་མཐུན་པ་དེ་འདྲ་རེད།

པདྨ་ནི་མེ་ཏོག་པད་མའི་དོན་དང་།  སྤྱིར་བཏང་མེ་ཏོག་པདྨ་སྐྱེ་སར་འདམ་རྫབ་ནང་དུ་སྐྱེས་ཀྱང་།  པད་མ་འདམ་གྱི་དྲི་མས་མ་འགོས་པར་ཤིན་ཏུ་དྭངས་ལ་མཛེས་སྡུག་ལྡན་པ་སྐྱེས་པ་དེ་བཞིན་དུ། འཕགས་པ་སྤྱན་གཟིགས་ནི་སྲིད་པ་འཁོར་བའི་གྲོང་དུ་འཁྲུངས་ཀྱང་། རང་གི་རྒྱུད་ལ་ཡོད་པའི་རྒྱུ་བདེ་གཤེགས་སྙིང་པོ་དེ་འཁོར་བའི་དྲི་མས་མ་འགོས་པའི་མཚོན་བྱེད་དུ་སྐུ་མདོག་དཀར་པོ་ཤེལ་དཀར་ལྟ་བུ་བྱུང་བ་རེད། དེ་འདྲ་ཡིན་པ་སོང་ཙང་ང་རང་ཚོའི་རྒྱུད་ལ་ཡང་རྒྱུ་བདེ་གཤེགས་སྙིང་པོ་ཡོད་ཡིན་པ་རེད། དེ་ཡང་བདེ་གཤེགས་སྙིང་པོ་འགྲོ་ཀུན་ཡོངས་ལ་ཁྱབ།  ཞེས་གསུངས་པ་ནང་བཞིན་རེད།  དེ་ཡིན་དུས་ང་ཚོས་གང་འདྲ་བྱས་ནས་སངས་རྒྱས་ཀྱི་སྙིང་པོ་ལེན་དགོས་སམ་ཞེ་ན།  སྙིང་དོན་སྟབས་བདེ་ཞིག་བཤད་ན། ཐོག་མར་སངས་རྒྱས་ཞེས་པའི་ཐ་སྙད་དེ་ཡག་པོ་ཧ་གོ་དགོས། ལེགས་སྦྱར་སྐད་དུ་བུདྡྷ་ཞེས་པ་དེ། བོད་སྐད་ཐོག་ལ་བསྒྱུར་དུས་སངས་རྒྱས་ཞེས་པ་དང་།  སངས་ཞེས་པའི་གོ་དོན་ནི། ཕྱེས་པ་དང་གཡུགས་པའི་དོན་སོགས་ལ་འཇུག་གི་ཡོད་པ་རེད། དོན་དུ་ང་རང་ཚོ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ཉོན་གྱི་སྒྲིབ་པས་རྒྱུ་བདེ་གཤེགས་སྙིང་པོ་དེ། ནམ་མཁའ་རང་བཞིན་དག་པ་ཡིན་ནའང་། སྤྲིན་ཚོགས་ཀྱིས་བསྒྲིབས་ནས་གཡོགས་ཡོང་དུས་གང་ཡང་མཐོང་ཐུབ་ཀྱི་ཡོད་མ་རེད། དེ་ཡིན་དུས་ལས་ཉོན་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་རྣམས་དཀའ་དཔྱད་འབད་པའི་སྒོ་ནས་སྤང་ཅིང་དག་གཙང་དུ་སོང་ནས་བདེ་གཤེགས་སྙིང་པོའི་རང་བཞིན་ངོ་མ་དེ་མངོན་པ་དེ་ཡིན།   དེ་ལ་སངས་རྒྱས་ཞེས་པའི་དོན་ཡང་དེ་ཡིན་པ་རེད། དེ་འདྲ་ཡིན་དུས་ང་ཚོ་ནང་ཆོས་སྦྱང་དུས་དམིགས་ཡུལ་ཞིག་གི་ཐོག་ནས་ཆོས་ཀྱི་གནས་ལུགས་ཐོག་མར་ཞིབ་ཚག་པོ་བྱས་ནས་ཧ་གོ་དགོས་ཡག་དེ་གལ་ཆེན་པོ་རེད།  5-91ང་ཚོ་སྡུལ་བསྔལ་མི་འདོད་ཅིང་། བདེ་བ་ཐོབ་འདོད་ཡོད་པ་ཤ་སྟག་རེད། ཡིན་ནའང་བདེ་བའི་རྒྱུ་གང་འདྲ་ཡིན་པ་དང་། སྡུག་བསྔལ་རྒྱུ་ཇི་ལྟར་གསོག་གི་ཡོད་པ་དུས་རྒྱུན་དུ་ཡིད་གཟབ་མ་བྱས་པ་ཡིན་ན། ལས་སླ་པོའི་སྒོ་ནས་བླང་འདོར་འབྱེད་ཐུབ་ཡག་ཞིག་རེད་མི་འདུག་ག དེ་འདྲ་ཡིན་དུས་གཙོ་བོ་ད་རེས་འདིར་སྤྱན་རས་གཟིགས་ཀྱི་སྙིང་པོ་ཡི་གེ་དྲུག་མའི་སྐོར་ཡིན་སྟབས། སྔགས་བགྲང་སྟངས་སྐོར་ལ་ཞུས་པ་ཡིན་ན། སྔགས་བགྲང་པའི་ཚེ་མགྱོགས་པོ་ཡང་མ་ཡིན་ལ་དལ་པོ་ཡང་མ་ཡིན་པ་ཞིག་དགོས་ཀྱི་ཡོད། དེ་བཞིན་སྐད་ཤུགས་ཆེན་པོ་ཡང་མ་ཡིན་སྐད་ཤུགས་ཆུང་ཆུང་ཡང་མ་ཡིན་པར་གཡས་གཡོན་གྱི་མིའི་གོ་ཙམ་ཞིག་བྱུང་ན་འགྲིག་གི་ཡོད་རེད།  ལྷག་པར་ནམ་རྒྱུན་ཡི་དམ་དང་ཁྲོ་བོའི་གཟུངས་སྔགས་བགྲང་དུས་སྐད་ཤུགས་ཆེན་པོའི་ཐོག་འདོན་རྒྱུ་མེད་ལ། ལྷག་པར་དུ་ཐང་དང་རླུང་གི་འཁྲོད་དེ་བཞིན་ཆུ་འགྲམ་སོགས་ལ་སྐད་ཤུགས་ཆེན་པོ་འདོན་རྒྱུ་མེད། དེ་འདྲ་བྱས་ན་སེམས་ཅན་འགའ་ཞིག་ལ་གནོད་པའི་རྒྱུ་རུ་འགྲོ་སྲིད།   ཕྲེང་བ་ཡིན་ནའང་སངས་རྒྱས་དང་། ཡི་དམ་སོ་སོའི་སྐུ་མདོག་དེ་མཚུངས་རབ་བྱུང་ན། ཕྲེང་བ་བའི་ཁ་མདོག་དེ་ལྟར་དགོས་ཀྱི་ཡོད་པ་རེད། དཔེར་ན།  སྤྱན་རས་གཟིགས་སྐུ་མདོག་དཀར་པོ་དང་བསྟུན་ནས་ཕྲེང་བ་ཡང་དཀར་པོ་དགོས་ཡོད་པ་རེད། སྤྱན་རས་གཟིགས་སྒྲུབ་སྐབས་ཆུ་ཤེལ་དཀར་པོའི་ཕྲེང་བ་ཡག་ཤོས་རེད།  ཡིན་ནས་དམིགས་བསལ་གྱི་ཡི་དམ་བསྒྲུབ་དགོས་པའི་ཐོག་བཤད་ན།  ཕྲེང་བ་ཡག་ཤོས་བུདྡྷའི་ཕྲེང་བ་ཡིན་པ་རེད།  དེ་ཡང་དཀོན་མཆོག་ཡོན་ཏན་རྒྱས་མཚོས་གསུང་ལས།  རྒྱ་གར་དང་བལ་ཡུལ་ནས་ཐོན་པའི་བུདྡྷའི་ཕྲེང་བ་སངས་རྒྱས་ཀྱི་སྤྱན་འདྲ་བ་ཡོད་པ་དེས་ཡི་དམ་བསྒྲུབ་པ་དང་བྱ་བཞག་ཆེ་ཕྲ་ཀུན་ལ་འཕེལ་རྒྱས་སོགས་ཡོང་ཆེད་བགྲང་ཀྱང་མཆོག་ཅེས་གསུངས་ཡོད་རེད་བཅས་བཀའ་སློབ་ཟབ་རྒྱས་བསྩལ་བ་དང་། དེ་རྗེས་མགོན་པོ་མཆོག་གིས་དབུ་འཛུགས་གནང་སྟེ་མ་ཎི་དང་། བདེ་ཅན་སྨོན་ལམ། བྱང་ཆུབ་སེམས་མཆོག་སོགས་དབྱངས་རྟ་དྲངས་ཅིང་ཚོགས་ཐུན་ལེགས་པར་གྲུབ།

བསམ་ཚུལ་སྤེལ།


Security code
གསར་འདོན་བྱ།