བཤེར་འཚོལ།

History-Banner

བརྟན་བཞུགས་ཆེན་མོའི་པར།

Loading script and Flickr images

14
11
13
12
10
11
9
8
7
6
5
4
3
2
1

གསལ་བསྒྲགས།

སྤྲེལ་ལོའི་བཀའ་ཆོས་ཆེན་མོ།

Monkey Year Teaching  2016 notice  Bodhi༄༅། །སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་མངའ་བདག་འབྲི་གུང་༧སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་ནས་སྤྱི་ལོ་ ༢༠༡༦ ཟླ་བ་ ༨ ཚེས་ ༥ ནས་༡༢ བར་ཉིན་བརྒྱད་ཀྱི་རིང་མང་ཡུལ་ལ་དྭགས་ལ་ལོག་འབྲི་གུང་བཀའ་བརྒྱུད་ཤར་དགོན་ཕུན་ཚོགས་ཆོས་གླིང་དུ་རྒྱལ་ཡོངས་འབྲི་གུང་བཀའ་བརྒྱུད་ཀྱི་སྤྲེལ་ལོའི་བཀའ་ཆོས་ཆེན་མོ་བཀའ་ཁྲིད་གནང་རྒྱུ།  

སྤྲེལ་ལོའི་བཀའ་ཆོས་ཆེན་མོའི་མཛད་རིམ་གཤམ་གསལ

Contact us: https://web.facebook.com/shachukul.gonpa

                   Mail: This email address is being protected from spambots. You need JavaScript enabled to view it.

 

Neychok Lapchi 2015 1སྤྱི་ལོ་ 2015 ཤིང་མོ་ལུག་གི་ལོ་ ཟླ་བ་ ༤ ཚེས་༡ ཉིན་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་གནས་ཁྱད་པར་ཅན་འབྲོག་ལ་ཕྱི་གངས་ཀྱི་ར་བར་ཞབས་ཟུང་གསེར་གྱི་འཁོར་ལོ་བསྒྱུར་བ།

བཀའ་བརྒྱུད་བསྟན་པ་རྒྱ་མཚོའི་མངའ་བདག་ཆེན་པོ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲི་རྒྱལ་ཚབ། ༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་མཆོག

རྒྱལ་བས་ལུང་གི་བསྔགས་པ། ཕ་བཀའ་བརྒྱུད་བླ་མ་གྲངས་ལས་འདས་པ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་གནས་ཁྱད་པར་ཅན་དཔལ་འཁོར་ལོ་བདེ་མཆོག་གི་གསུང་གི་གནས་སྙན་གཡོན་གོ་ཏ་ཝ་རིར། ཞབས་ཟུང་བཀྲ་ཤིས་ཀྱི་རིས་ཁ་བསྒྱུར་སྐབས། སྔོ་སངས་ཀྱི་དབྱིངས་ན་ལྷ་དང་ལྷ་མོ་དང་། བཀྲ་ཤིས་པའི་རྟགས་བརྒྱད། Neychok Lapchi 2015 5རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱི་གཟུགས་ལྟ་བུའི་ཡ་མཚར་བའི་སྤྲིན་དཀར་ལང་ལོང་གཡོ་བ། མཛེས་ཤིང་ལྟ་ན་སྡུག་པའི་ལྗོན་ཤིང་དང་མེ་ཏོག་གི་རྩེ་ན་བྱ་དང་བྱེའུ་སྣ་ཚོགས་སྐད་སྙན་པར་འབྱིན་པ།  དྭངས་ཤིང་གཙང་བའི་རི་ཆུ་དང་ཀློང་ཆུ་འབབ་པའི་སྒྲ་སྒྲོག་པ་སོགས་དབེན་པའི་ཡོན་ཏན་ཚང་ཞིང་ཕྱི་ཡི་ཡུལ་ལྗོངས་ངོ་མཚར་བའི་བསུ་བ་དང་།Neychok Lapchi 2015 2

མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་སྐྱབས་རྗེ་ནུབ་པ་དཀོན་མཆོག་བསྟན་འཛིན་མཆོག་གི་དབུས་པའི་མཆོག་གི་སྤྲུལ་པའི་སྐུ་རྣམ་པ་དང་། སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་འཛིན་པའི་བྱ་བཏང་བ་ཆེན་པོ་ལ་ཕྱིིའི་རྡོར་འཛིན་དོན་གྲུབ་དཔལ་ལྡན་རིན་པོ་ཆེ་མཆོག་གི་གཙོ་པའི་རི་བ་རྣམ་པ། གཞན་ཡང་ལ་ཕྱི་དང་། མཚོ་བཤམ་གྱི་མི་དམངས། ཕྱི་ཡི་རྒྱལ་ཁབ་བཅུ་གྲངས་ཀྱི་དད་སློབ་ཡོངས་ཀྱིས་སེེར་ཕྲེང་བསྟར་ལ་བརྒྱུད་དེ་ཕེབས་བསུའི་མེ་ཏོག་གི་ཁྲོད་དུ་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ཆེན་པོ་མཆོག་སྐུ་ལྟ་བའི་ཆོག་མི་ཤེས་པ་ཞལ་འཛུམ་བག་བཅས་པ་སྙན་གཡོན་གོ་ཏ་ཝ་རིར་ཞབས་ཀྱི་འཁོར་ལོ་འགྲོ་བའི་མཆོད་གདུང་དུ་བསྒྱུར་ཅིང་ཞུགས་ཁྲི་རིན་པོ་ཆེར་ཞབས་སོར་འཁོད་མཚམས། གསོལ་ཇ་དང་འབྲས་སེལ་གྲུབ་རྗེས་ལ་ཕྱིའི་རྡོར་འཛིན་དོན་གྲུབ་དཔལ་ལྡན་མཆོག་དང་། སྐྱབས་རྗེ་ནུབ་པ་དཀོན་མཆོག་བསྟན་འཛིན་རིན་པོ་ཆེ་མཆོག ལ་ཕྱི་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་སྤྲུལ་རབ་བཟང་རིན་པོ་ཆེ་གཙོ་བའི་དབུ་ལས་ཁག་ནས་རིམ་གྱིས་མནྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས།

Neychok Lapchi 2015 6དེ་ཡང་བདེ་མཆོག་གི་རྒྱུད་ལས།Neychok Lapchi 2015 8

བ་ཡི་ཕྱོགས་སྦྱིན་ཁ་བའི་རི།།

གོ་ཏ་ཝ་རེ་ཞེས་བྱ་བ།།

གཡའ་དང་གངས་ཀྱི་འདབ་རོལ་ན།།

སྤྲིན་དང་ན་བུན་ཡ་རོལ་ན།།

ཆུ་བོ་ཐམས་ཅད་ཧཱུཾ་སྒྲ་སྒྲོག།

རྩེ་ཤིང་ཐམས་ཅད་མདའ་དང་མདུང་།།

རི་བོ་ཐམས་ཅད་གཟར་མ་ཟུར།།

དབྱིངས་ཕྱུག་དཔལ་ལྡན་ལྷ་མོ་བཞད་པའི་གནས།།

རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ཡོད།།

ཚོགས་ཀྱི་འཁོར་ལོས་མཆོད་པས་ན།།

མཆོག་གི་དངོས་གྲུབ་ཐོབ་པར་འགྱུར།།

ཞེས་རྒྱལ་བས་ལུང་གིས་ཟིན་པའི་གནས་ཁྱད་པར་ཅན་དེར། སྤྱི་ལོ་ 2015 ཟླ་བ། 4 ཚེས། 2 རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའི་བླ་སྒྲུབ་ཚོགས་མཆོད་ཡེ་ཤེས་བདུད་རྩིའི་ཟེགས་མའི་སྒོ་ནས་འབུམ་ཚོགས་དངོས་སུ་དབུ་ཚུགས་ནས་ཉིན་ལྔའི་རིང་༧སྐྱབས་མགོན་མཆོག་ཚོགས་མགོན་དུ་འཆིབས་བསྒྱུར་གནང་། སྤྱི་ཚེས་ལྔའི་ཉིན་སེར་སྐྱ་མི་དམངས་ཡོངས་ལ་རྗེ་བཙུན་མི་ལ་རས་པའི་བཀའ་དབང་ཟབ་མོ་བཀའ་དྲིན་བསྩལ། ཚེས་དྲུག་ཉིན་ལ་ཕྱི་རེག་ཆེན་བཞད་པ་རྡོ་རྗེའི་སྒྲུབ་སྡེའི་མཚམས་པ་རྣམ་པ་དང་།

Neychok Lapchi 2015 7ཏཱ་ར་གསང་ཆེན་སྒྲུབ་སྡེ། བཀའ་བརྒྱུད་མི་ལ་རས་པའི་མཐུན་ཚོགས། ཆོས་རྭ་དགེ་འཕེལ་གླིང་། ལ་ཕྱིའི་མི་དམངས། མཚོ་བཤམ་མི་དམངས། གཞན་ཡང་ཕྱི་ནང་གི་དད་སློབ་ཕོ་མོ་ཡོངས་ནས་བརྟན་ཞུགས་བསྟར་འབུལ་ཞུས། མགོན་པོ་མཆོག་ཐུགས་དགྱེས་ཚོར་ཆེན་པོས་བླང་དོར་བཀའ་སློབ་ཕེབས་དོན། ད་རེས་དང་པོ་སྐྱབས་རྗེ་ནུབ་པ་རིན་པོ་ཆེའི་ངོ་སྤྲོད་མདོར་བསྡུས་ཞུས་ན་སྐྱབས་རྗེ་གང་ཉིད་ནི་གདན་ས་ཆེན་པོ་འབྲི་གུང་ཐེལ་གྱི་མཁན་ནུབ་ཆོས་གསུམ་ཞེས་ཡོངས་སུ་གྲགས་པའི་ནང་ནས་ནུབ་པ་འཁྲུལ་བྲལ་གྱི་ཡང་སྲིད་ངོས་འཛིན་གནང་བ་དང་། ཆུང་དུས་ནས་གདན་ས་འབྲི་ཐེལ་འོག་མིན་བྱང་ཆུབ་གླིང་དང་། ཡང་སྒར་སྡེ་བཞི་རབ་རྒྱས་གླིང་སོགས་ལ་ཆོ་ག་མཆོད་སྤྱོད་ལེགས་པར་སྦྱངས། 

Neychok Lapchi 2015 4

ཉི་མ་ལྕང་རྭའི་བཤད་གྲར་གཞུང་བཀའ་པོད་བཅུ་གསུམ་ལ་སྦྱངས་བ་མཐར་ཕྱིན་པ་གནང་།

 དེ་སྐབས་སློབ་སྦྱོང་གི་གནས་ཚད་སློབ་ཕྲུག་ཡོངས་ཀྱི་ནང་ནས་རྩེ་མོར་སོན། གྲགས་སྙན་མཁའ་ལ་འཕྱོ། ང་དགུའི་དུས་འགྱུར་སྐབས་དཀའ་སྡུག་ཚད་མེད་མྱངས་། སྲིད་ཇུས་གུ་ཡངས་རྗེས་ལྷ་ས་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཆེ་གནང་། དེ་ནི་རྒྱ་གར་འཕགས་པའི་ཡུལ་ན་གདན་ས་ཆེན་པོ་བྱང་ཆུབ་གླིང་དུ་སློབ་སྤྱིའི་ཕྱག་ལས་གནང་བ་སོགས་ཀྱི་ཚོན་ལོ་བརྒྱད་ཙམ་བཞུགས། གོ་བརྒྱད་ལོར་གནས་མཆོག་ལ་ཕྱིར་འཆིབས་བསྒྱུར་གནང་ནས་མི་ལོ་ཧྲིལ་པོ་བཅུ་བདུན་ཙམ་རིང་ལ་ཕྱིའི་སྒྲུབ་སྡེ་གསར་བཞེངས་གནང་བ། གང་ཉིད་ཀྱང་ལོ་མང་རིང་སྐུ་མཚམས་བཞུགས་པ་སོགས་འབྲི་བསྟན་ལ་ཕན་པའི་ཕྱག་ལས་ཧ་ཅང་མང་བོ་གནང་བར་བསྔགས་བརྗོད་གནང་།

Neychok Lapchi 2015 13

དེ་བཞིན་ལ་ཕྱིའི་རྡོར་འཛིན་གྲུབ་དབང་དོན་གྲུབ་དཔལ་མཆོག་ནི། ལ་ཕྱི་སྒྲུབ་སྡེ་ལ་མཚམས་ཁྲིད་གནང་ནས་སྔ་ཕྱིར་མི་ལོ་ཉི་ཤུ་རྩ་གསུམ་ཙམ་རིང་ཕ་ཆོས་ཕྱག་ཆེན་ལྔ་ལྡན་དང་ཟབ་ལམ་ན་རོ་ཆོས་དྲུག་ཐོན་པ་མཚམས་པ་དྲུག་བཅུ་རེ་གྲངས་ཡོད།

ལ་ཕྱིའི་རྡོར་འཛིན་ཁྲི་ཐོག་སོ་བརྒྱད་པ་བཀོད་ནས་མི་ལོ་ཧྲིལ་པོ་བཅུ་གསུམ་འཁོར་ཡོད། ཁོང་ནི་དོན་གྱི་བྱ་བྲལ་བ་ཞིག་དང་། བཀའ་བརྒྱུད་པའི་བསྟན་པའི་རྒྱན་གཅིག་ཡིན་བཅས་གསུངས།

Neychok Lapchi 2015 3

དེ་བཞིན་རྒྱལ་ཕྱི་ནང་གང་སར་ནས་ཆེད་དུ་ཕེབས་པའི་དད་ལྡན་སློབ་མ་རྣམས་ཀྱང་དཀའ་ངལ་བརྒྱ་ཕྲག་ཁྱད་དུ་གསད་དེ་གནས་མཆོག་ཁྱད་པར་ཅན་འདིར་གནས་སྐོར་དང་། འབུམ་ཚོགས་ལ་ཕེབས་ཐུབ་པར་རང་ཉིད་ཚོགས་རྫོགས་སྒྲིབ་སྦྱོང་གི་གལ་གནད་ཡིན་པས་བསྔགས་བརྗོད་དང་རྗེས་སུ་ཡིད་རང་ཡོད་བཅས་སོགས་གསུངས། དེ་ནས་མགོན་པོ་གང་ཉིད་ཀྱི་དབུས་འདུས་མང་ཡོངས་ནས་བསྔོ་སྨོན་བཀྲ་ཤིས་ཀྱིས་རྒྱས་བཏབ་ནས་འབུམ་ཚོགས་ལེགས་གྲུབ་བོ།

སྤྱི་ཚེས་ ༧ ཉིན་གྱི་སྐྱ་རེངས་བུ་མོའི་འཛུམ་ཟེར་ས་ལ་འཕྲོས་མཚམས་སུ། བཀའ་བརྒྱུད་བསྟན་པའི་མངའ་བདག་ཆེན་པོ་༧སྐྱབས་མགོན་ཡིདབཞིན་ནོར་བུ་མཆོག་སྙན་གཡོན་གོ་ཏ་ཝ་རི་ནས་འཆིབས་ཐོན་གྱི་རྒྱལ་བ་འབྲི་གུང་པའི་ཐུན་མོང་མ་ཡིན་གནས་གསུམ་གྱི་ཡ་གྱལ། 

Neychok Lapchi 2015 9

རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་རས་པ་མཆོག་གི་དངོས་གྲུབ་ཐོབ་པའི་གནས་ཁྱད་པར་ཅན། འབྲོག་ལ་ཕྱི་གངས་ཀྱི་ར་བར། སྒྲུབ་བརྒྱུད་བསྟན་པའི་སྤྱི་མེས་མར་མི་དྭགས་གསུམ་སོགས་སྔར་གྱི་བཀའ་བརྒྱུད་བླ་མའི་རྣམ་ཐར་བདག་གིར་བཞེས་ཏེ་ཞབས་ཐང་དུ་གང་ཉིད་ཀྱི་སྐུ་ཆས་ཁོང་ཉིད་ཀྱིས་ཕྲག་ཏུ་བཞེས་ཏེ་དད་སློབ་སེར་སྐྱ་ཉིས་བརྒྱ་ཙམ་སྣ་ཁྲིད་དེ་སློབ་འབངས་ཡོངས་ལ་གནས་ཀྱི་ཆེ་བ་དང་། མི་ལ་རས་པའི་སྐུ་གསུང་ཐུགས་ཀྱི་རྣམ་ཐར་གསུངས་བཞིན་ཆོས་ར་དགེ་འཕེལ་གླིང་དུ་ཞབས་ཟུང་གསེར་གྱི་འཁོར་ལོ་བསྒྱུར།

Neychok Lapchi 2015 12

སྤྱི་ཚེས་ ༨ ཀྱི་ཞོགས་པ་མཉམ་མེད་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོས་གདན་ས་ཆེན་པོ་འབྲི་ཐེལ་འོག་མིན་བྱང་ཆུབ་གླིང་དུ་ཁྲི་གསོལ་གནང་ནས་ལ་ཕྱིའི་རྡོར་འཛིན་གྱི་ཐོག་མ་གཡག་རུ་དཔལ་གྲགས་ལ་ཁྱེད་ཀྱི་གདུལ་བྱ་འབྲོག་ལ་ཕྱི་གངས་ཀྱི་ར་བར་རི་དུག་སྦྲུལ་ནག་པོ་ཐུར་དུ་རྒྱུག་འདྲ། 

རྡོ་ཕ་ཝང་མི་སྙིང་དམར་པོ་གྱེན་དུ་ལངས་པ་ལྟ་བུའི་བྲག་ཕུག་ཞིག་ཡོད་པས་དེར་ཁྱོད་རང་མཚམས་སྒྲུབ་བགྱིས་ནས་གཞན་རི་པ་ལྔ་ཁྲི་ལྔ་སྟོང་ལྔ་བརྒྱ་ཉེར་ལྔ་པོ་གནས་ངེས་མེད་སྒོམ་དུ་གཅུག་ཅེས་རྡོ་རྗེས་བཀའ་ལུང་གནང་བས་ལུང་བསྟན་ཕུག་པ་ཞེས་ཡོངས་སུ་གྲགས་པ་དེར། མགོན་པོ་མཆོག་སྔ་དྲོའི་རིང་སྒྲུབ་ཕུག་དེར་གནས་གཟིགས་དང་ཏིང་ངེ་འཛིན་ལ་མཉམ་པར་བཞུགས་གནང་།

ཉིན་རྒྱབ་ཡོངས་སུ་གྲགས་པའི་ཕུག་ཆེན་བཞིའི་ཡ་གྱལ། ལ་ཕྱི་བདུད་འདུལ་ཕུག་མོ་ཆེའི་ནང་དུ་མཚམས་པ་རྣམ་དང་། ཕྱི་རྒྱལ་དད་སློབ་ཡོངས་དང་ལྷན་དུ་

Neychok Lapchi 2015 11

ཚོགས་འཁོར་རྒྱས་པར་ཕུལ་གནང་གྲུབ་རྗེས་ཡིད་བཞིན་ནོར་བུ་མཆོག་བདུད་འདུལ་ཕུག་ཏུའང་གནས་གཟིགས་དང་ཉམས་ལེན་གནང་སྟེ་དགོང་མོ་བར་དེ་བཞུགས་ནས་མཐར་གསོལ་འདེབས་དང་། ཐུགས་སྨོན་རྒྱ་ཆེེར་གནང་།

སྤྱི་ཚེས། ༩  ཉིན་ཞོགས་པ་ལ་ཕྱི་ཆོས་ར་དགེ་འཕེལ་གླིང་ནས་རྡོར་འཛིན་དོན་གྲུབ་དཔལ་ལྡན་མཆོག་དང་། སྒྲུབ་དཔོན། རི་པ་རྣམ་པ། གཞན་ཡང་གནས་སྐོར་བ་དད་སློབ་ཡོངས་ཀྱིས་སྤོས་བསུ་སེར་སྦྲེང་ཟབ་རྒྱས་ངང་རེག་ཆེན་སྒྲུབ་ཕུག་ཏུ་ཞབས་སོར་བདེ་བར་འཁོད་པ་མཚམས་རྡོར་འཛིན་མཆོག་དང་། 

Neychok Lapchi 2015 10

སྒྲུབ་དཔོན་རྣམ་གཉིས་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་རྗེས་རྗེ་བཙུན་མི་ལའི་ཚོགས་མཆོད་ཕུལ་གྲུབ་ནས། སློབ་འབངས་རྣམས་གཟི་ཕུག་གནས་མཇལ་ལ་ཕེབས། མགོན་པོ་མཆོག་གིས་ཟུར་དུ་མཚམས་པ་རྒན་གྲས་རྣམ་གཙོ་བོར་བྱས་པའི་རི་པ་རྣམས་ལ་ཉམས་ལེན་ཟབ་ཁྲིད་གེགས་སེལ་བོག་འདོན་བཀའ་དྲིན་བསྐྱང་གནང་བ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ་འབྲོག་ལ་ཕྱི་གངས་ཀྱི་ར་བ་ནས།

སྤྱི་ཚེས། ༡༠ ཉིན་ཞོགས་པ་ཆོས་ར་དགེ་འཕེལ་གླིང་གི་ཉེ་འཁོར་སྤང་ལྗོངས་སུ་ཡིད་བཞིན་ནོར་བུ་མཆོག་གི་དབུས་བླ་སློབ་བརྒྱ་ཡིས་བསང་མཆོད་བརྒྱ་ཕུལ་བ་དང་། གནས་མཆོག་ཁྱད་པར་ཅན་དེར་རི་ཁྲུས་ཀླུང་ཁྲུས་གནང་།

 

1) ྄སྐུ་པར་མང་གཟིགས་འདོད་ན་འདི་ན་མནོན།

2) སྐུ་པར་མང་གཟིགས་འདོད་ན་འདི་ན་མནོན།

3) སྐུ་པར་མང་གཟིགས་འདོད་ན་འདི་ན་མནོན།

བསམ་ཚུལ་སྤེལ།


Security code
གསར་འདོན་བྱ།