བཤེར་འཚོལ།

History-Banner

བརྟན་བཞུགས་ཆེན་མོའི་པར།

Loading script and Flickr images

14
11
13
12
10
11
9
8
7
6
5
4
3
2
1

གསལ་བསྒྲགས།

སྤྲེལ་ལོའི་བཀའ་ཆོས་ཆེན་མོ།

Monkey Year Teaching  2016 notice  Bodhi༄༅། །སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་མངའ་བདག་འབྲི་གུང་༧སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་ནས་སྤྱི་ལོ་ ༢༠༡༦ ཟླ་བ་ ༨ ཚེས་ ༥ ནས་༡༢ བར་ཉིན་བརྒྱད་ཀྱི་རིང་མང་ཡུལ་ལ་དྭགས་ལ་ལོག་འབྲི་གུང་བཀའ་བརྒྱུད་ཤར་དགོན་ཕུན་ཚོགས་ཆོས་གླིང་དུ་རྒྱལ་ཡོངས་འབྲི་གུང་བཀའ་བརྒྱུད་ཀྱི་སྤྲེལ་ལོའི་བཀའ་ཆོས་ཆེན་མོ་བཀའ་ཁྲིད་གནང་རྒྱུ།  

སྤྲེལ་ལོའི་བཀའ་ཆོས་ཆེན་མོའི་མཛད་རིམ་གཤམ་གསལ

Contact us: https://web.facebook.com/shachukul.gonpa

                   Mail: This email address is being protected from spambots. You need JavaScript enabled to view it.

 

H.H. in Limi 2015 1༄༅། །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་སྤྱི་ཚེས་ ༡༢ ཉིན་བལ་ཡུལ་འབྲི་གུང་བཀའ་བརྒྱུད་རིན་གླིང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་།

སྤྱི་ཚེས་ ༡༣ ཉིན་དེ་སྔོན་བལ་ཡུལ་གླེ་མེ་བདེ་དོན་ཚོགས་པའི་མ་ཎི་དུང་སྒྲུབ་ཚོགས་ཁང་གསར་པ་ལེགས་པར་གྲུབ་པའི་དབུ་འབྱེད་རྟེན་འབྲེལ་མཛད་སྒོའི་ཚོགས་མགོན་དུ་ཇི་ལྟར་གསོལ་བ་བཏབ་དོན་བཞིན། ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ། བལ་ཡུལ་གཞུང་ཕྱོགས་ཀྱི་གནད་ཡོད་མི་སྣ་དང་། དམར་ཤོག་ཚོགས་ཁག་གི་སྡེ་དཔོན་སྐུ་ཚབ་རྣམ་པ། དེ་བཞིན་བལ་ཡུལ་སྐུ་ཚབ་དོན་གཅོད་དང་། དེ་བཞིན་ཚོགས་སྡེ་ཁག་གི་དབུ་ལས་རྣམ་པས་གཏམ་བཤད་ཚར་བ་དང་། ༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གིས་བཀའ་སློབ་སྩལ་དོན།

H.H. in Limi 2015 2ཐོག་བླ་སྤྲུལ་དགེ་འདུལ་གྱི་སྡེ་དང་། བལ་ཡུལ་གཞུང་ཕྱོགས་ཀྱི་གནད་ཡོད་མི་སྣ་རྣམ་པ་དང་། དམར་ཤོག་ཚོགས་ཁག་གི་སྡེ་དཔོན་སྐུ་ཚབ་རྣམ་པ། དེ་བཞིན་བལ་ཡུལ་སྐུ་ཚབ་དོན་གཅོད་དང་། ཚོགས་སྡེ་ཁག་གི་དབུ་ལས་རྣམ་པ། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྐུ་མགྲོན་རྣམ་པ། གཞན་ཚོགས་པ་འདིར་མཉམ་བཞུགས་གནང་མཁན་ཡོངས་ལ་ཐོག་མར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་ཡག་ཡིན།

དེ་ནས་ང་རང་ཚོ་གཙོ་མི་རིགས་དང་། རིགས་གཞུང་། དེའི་ལོ་རྒྱུས་དེ་གསལ་པོ་ཧ་གོ་དགོས་ཡག་གལ་པོ་ཞིག་ཆགས་ཡོད། དེ་ཡིན་དུས་མང་པོ་ཞིག་གིས་སྟག་ཟེར་དུས་ཨི་རན་དེ་བ་ལ་ཡིན་ཤག་བྱས་ནས་རྩལ་དཔྱོད་བྱེད་ག་འགྲོ་ཡི་ཡོད་རེད། ཡིན་ནས་ཡག་པོ་ཞིག་ཞིབ་འཇུག་བྱས་ཡོང་པའི་སྐབས་ལ་སྤྱི་ལོའི་གོང་གི་ལོ་ 600 ནང་དེ་བ་ལ་སྟག་ཟིག་གིས་རྒྱ་གར་བྱང་རྒྱུད་ལིང་སེ་དབང་སྒྱུར་བྱས་ནས། ས་ཁྲའི་ནང་ལ་བལྟས་དུས་རྨ་བྱ་ཁ་བབས་དེ་འོལ་མོ་ལུང་རིང་ནས་ཡིན་པ་རེད། དེང་སང་འུམ་ལ་ལབ་ཀྱི་འདུག་གH.H. in Limi 2015 4 དེ་ཡིན་དུས་འོལ་མོ་ལུང་གི་སྟེ་གནས་དེ་ (sing cord ) བོད་སྐད་ལ་ཀྲམ་ཟེ་ཟེར་བ་དེ་ཆགས་ཡོད་རེད། དེའི་ནང་ལ་བོད་ཀྱི་ལོ་རྒྱུས་ཁུངས་གཏུགས་ས་གཙོ་གྲས་ཞིག་ཡང་ཆགས་ཡོང་གི་ཡོད། དེ་ཡིན་དུས་འུམ་ལ་པ་ཚོས་སྔ་མོའི་རིགས་ཤོང་བྲོ་གཙོས་རང་གི་རིགས་གཞུང་མ་ཉམས་པར་ཉར་ཚགས་ཡག་པོ་བྱས་འདུག་པར་རྗེས་སུ་ཡི་རང་དང་། ད་དུང་མུ་མཐུད་ནས་གཞོན་སྐྱེས་ཚོས་ལྷོད་ཡེང་མ་སོང་བར་སོ་སོའི་རིགས་སོ་སོའི་འཛིན་སྐྱོང་བྱེད་ཡག་འབད་བརྩོན་གནང་དགོས་རེད།

ལྷག་ད་རེས་དུས་རབས་ལ་དཔག་པའི་མང་པོ་ཞིག་གྲོང་ཁྱེར་ནང་འཚོ་གནས་བྱེད་ཀྱི་ཡོད། ཡིན་ནས་ཁྱོད་རང་ཚོས་ཆོས་དང་རིགས་གཞུང་། དེ་བཞིན་མི་རིགས་ཁ་འཐོར་མ་ཡོང་བའི་ཆེད་དུ་ཚོགས་པ་གསར་འཛུགས་གནང་། དེའི་ཐོག་ནས་ཚང་མས་རྡོག་རྩ་ཆིག་སྒྲིལ་གྱི་གོམ་པ་འདུན་སྐྱོད་བྱས་ནས་ས་ཆ་གསར་ཉོ་བྱས་ཏེ་མ་ཎི་དུང་སྒྲུབ་མཚོན་པའི་དུས་སྟོན་མཛད་སྒོ་ག་འདྲ་ཞིག་ཡིན་རུང་ཚང་མ་མཉམ་འཛོམས་བྱེད་སའི་ལྟེ་གནས་འདི་འདྲའི་ཞིག་འཛུགས་སྐྲུན་བྱས་པ་དཔེ་ཡག་པོ་བྱུང་འདུག་པས་རྗེས་སུ་ཡི་རང་ཡོད།

 

དེ་ནས་ང་རང་ཚོ་གཙོ་བོ་མི་རབས་རྗེས་མའི་རྒྱུན་སྐྱོང་བྱེད་ཡག་ཆོས་དང་རིགས་གཞུང་རྩ་བ་བརྟན་པོ་ཞིག་ཚུགས་ཐུབ་པ་བྱེད་དགོསརེད། དེ་ཡིན་དུས་ད་ཆ་ཁྱོད་རང་ཚོ་སློབ་གྲྭ་ཁག་ནང་སློབ་ཕྲུག་བརྒྱ་ཕྲག་མང་པོ་སློབ་སྦྱོང་བྱེད་བཞིན་པ་རེད། ཁ་ཤས་སློབ་སྦྱོངག་གནས་ཚད་མཐོ་པོ་དཔེ་ཡག་པོ་འདུག་རྗེས་སུ་ཡི་རང་ཡོད།H.H. in Limi 2015 5

 

ལྷག་པར་སོ་སོའི་ཕ་མེས་སྐད་ཡིག་གཙོ་བོ་བྱས་ནས་ཡུལ་དུས་ལྟོས་ཏེ་སྐད་རིགས་དང་ཤེས་ཡོན་སྦྱང་དགོས་ཡག་དེ་གལ་ཆེན་པོ་རེད། དེ་བཞིན་འཛམ་གླིང་སྐད་རིགས་བཅུ་ཕྲག་ཤེས་མཁན་ཧ་ཅང་མང་པོ་ཡོད་རེད། ཡང་ཁ་ཤས་སློབ་གྲྭ་ནས་འཛིན་གྲྭ་བཅུ་གཉིས་ཐོན་པ་དང་། ཕྱི་རྒྱལ་དེ་བ་ལ་དཔལ་འབྱོར་གསོག་ཡག་བསམ་བློ་གཏང་ནས་འགྲོ་མཁན་མང་པོ་འདུག དེ་ཚོ་ཡིན་ན་ཕུག་རྒྱང་ལ་བསམ་བློ་མ་གཏང་བར་གནས་སྐབས་བདེ་བ་ཙམ་ལ་འགོ་འཁོར་བ་ཡིན་ན་འགྲིག་གི་ཡོད་མ་རེད། ཤེས་ཡོན་ཆུ་ཚད་གོང་མཐོར་གཏང་ནས་མཁས་པ་ཆེན་པོ་ཐོན་ཐུབ་པ་བྱེད་དགོས་རེད། གླེ་མི་ལོ་རྒྱུས་ནང་ཐོག་ནས་བཤད་ན། མཁས་པ་མང་པོ་བྱུང་ཡོད་པ་དང་། ལྷག་པར་མངའ་རིས་པཎ་ཆེན་དཀོན་མཆོག་ལྷུན་གྲུབ་དེ་ཚོ་༧གོང་ས་ལྔ་བའི་སྐབས་དེ་བ་ནས་བྱུང་བའི་མཁས་དབང་དེ་འདྲ་བྱུང་ཡོད་རེད། དེ་ཡིན་དུས་དེ་ཚོའི་རྗེས་འཛིན་ཐུབ་པ་བྱེད་ཡག་ལ། དེང་སང་སློབ་སྦྱོང་བྱེད་མཁན་ཚོ་ལྟ་བུ་མཚོན་ན།
ཆ་རྐྱེན་དང་འཚོ་བའི་དཀའ་ངལ་ཆེན་པོ་མེད་པ་ཤ་སྟག་རེད། དེ་ཡིན་དུས་རྩ་བའི་སྤྱིའི་ཤེས་བྱ་དང་། བྱེ་བྲག་ཏུ་རིག་གཅིག་རྐང་འཛིན་གྱི་ལམ་ནས་སློབ་ཐོན་བྱུང་བ་ཡིན་ན་རང་གཞན་ཀུན་ལ་ཕན་ཐོག་ཆེ་བ་དང་། ཡུལ་ལུང་གི་གཟི་བརྗིད་ཞིག་ཀྱང་ཆགས་ཀྱི་རེད། དེ་ཡིན་དུས་འཛམ་བུ་གླིང་ཐོག་ལ་འགྲོ་ཐུབ་པ་བྱེད་དགོས་རེད། དེའི་ཐོག་ལ་ཤུགས་རྒྱག་དགོས་ཡག་གལ་ཆེན་པོ་འདུག དེ་བཞིན་དེང་གི་ཆར་འབྲུག་དང་། ལ་དྭགས་ཕྱོགས་ནས་རིག་གཅིག་རྐང་འཛིན་གྱི་སློབ་སྦྱོང་བྱེད་མཁན་མང་པོ་ཡོང་བཞིན་པ་རེད། དེ་ཡིན་དུས་གཞོན་སྐྱེས་ཚོ་གནས་སྐབས་དཔལ་འབྱོར་ཕྲན་བུ་ལ་བསམ་བློ་མ་གཏང་བར་ཕུག་རྒྱང་རིང་པོར་འཛམ་གླིང་གདེང་ཆའི་སྟེང་བསྐྱོད་ཐུབ་བྱས་ནས། ཕྱི་རྒྱལ་ཡུལ་གྲུ་ཁག་དང་། མཐོ་རིམ་སློབ་གྲྭ་ཁག་གི་དགེ་རྒན་དང་། འཛིན་སྐྱོང་བྱེད་ཐུབ་པ་བྱུང་ན། གླེ་མི་དང་། འུམ་ལ་ཙམ་མ་ཟད་ཧི་མ་ལ་ཡའི་རི་རྒྱུད་ཡོངས་ཀྱི་མི་རིགས་ཀྱི་གཟི་བརྗིད་ཞིག་དང་། རང་གཞན་ཀུན་ལ་ཕན་པའི་བྱ་བ་རླབས་ཆེན་ཞིག་རེད་ལ་སློབ་སྦྱོང་བྱས་པ་དེས་གོ་ཡང་ཆོད་པ་རེད། དེ་ཡིན་དུས་ཕ་མ་ཚོས་ཀྱང་གོ་སྐབས་མ་ཤོར་བ་བྱས་ནས་དུས་ཐོག་ཕྲུ་གུ་ཚོ་སློབ་གྲྭ་གཏོང་དགོས་ཡག་དེ་ཧ་ཅང་གལ་ཆེན་པོ་རེད།H.H. in Limi 2015 7

 

དེ་ནས་གཉིས་ནས་གླེ་མི་ཆ་མཚོན་ན་ལོ་ངོ་བརྒྱད་བརྒྱ་ལྷག་གི་ནང་འབྲི་གུང་བཀའ་བརྒྱུད་དང་འབྲེལ་བ་ཡོད་བསྡད་པ་ཞིག་རེད། ལྷག་པར་གླེ་མིའི་གནས་དེ་གཙའ་ཆེན་པོ་ཞི་བོ་ཞིག་ཆགས་ཡོད་རེད། གང་ཡིན་ཞུས་པ་ཡིན་ན། དེ་ཡང་དེ་ནས་ལོ་ཙཱ་བ་རིན་ཆེན་བཟང་པོས་བོད་དང་། ཧི་མ་ལ་ཡའི་རི་རྒྱུད་ལ་དྭགས་ཁུལ་སོགས་ལ་དགོན་གནས་བརྒྱ་རྩ་བརྒྱད་བཏབ་ཡོད་པ་རེད། མཐོན་ཐེང་གདན་ས་གཙུག་ལག་ཁང་གཙོ་བོར་བྱས་ནས་མཐའ་མ་འ་རྩེ་རིན་གླིང་དེ་ཕྱག་བཏབ་གནང་བ་དང་། མ་ཟད་མཐོན་ཐེང་དུ་ལོ་ཙཱ་བ་རིན་ཆེན་བཟང་པོའི་སྐུ་གདུང་ཞུས་ཡོད་པ། རྩ་བའི་རྣམ་ཐར་དང་ལོ་རྒྱུས་མང་པོ་ཞིག་ཞིབ་འཇུག་བྱས་ཡོད་རེད་དེ་ཡིན་ནས་དེ་ཚོའི་ནང་ལ་གསལ་ཡོད་མ་རེད། ཡིན་ནའང་འ་རྩེ་རིན་ཆེན་གླིང་གི་དེབ་ཐེར་ཆེན་པོའི་ནང་ལ་ཞིབ་ཕྲ་གསལ་ཡོད་པ་དང་། ལྷག་པར་སྐུ་གདུང་ག་འདྲ་ཞུས་ཡོད་མེད། དེ་བཞིན་གདུང་ཐལ་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་སྐུ་འདྲ་བཞེངས་ཡོད་པ་དང་།
ལྷག་པར་སྐུའི་ཚད་དང་བཅས་གསལ་པོ་ཡོད་རེད། དེ་ཡིན་དུས་ཁོང་གིས་བཏབ་པའི་སྒྲུབ་གནས་དང་། འ་རྩེ་རིན་ཆེན་གླིང་དེ་དག་ཞིག་གསོལ་བྱེད་ཡག་གལ་ཆེན་པོ་རེད། དེ་ཡིན་དུས་སྔོན་མ་ཞིག་ལྟ་ཡག་བྱས་པ་ཡིན། ཡིན་ནས་སྐབས་དེ་དུས་ཧི་མ་ལ་ཡའི་ཞིབ་འཇུག་ཚོགས་པ་ཞིག་གིས་བྱེད་ཀྱི་ཡོད་ཚུལ་བྱུང་བ་རེད། དེ་མུ་མཐུད་ནས་གནང་གི་ཡོད་ན་དཔེ་ཡག་པོ་རེད། གལ་སྲིད་མེད་པ་ཡིན་ན། ཞིག་གསོལ་བྱེད་དགོས་ཡག་དེ་འདྲ་ད་དུང་ལྷག་ཡོད་ན། ང་ཚོ་འབྲེལ་བ་བྱས་ཐབས་ཤེས་ཡོང་གི་རེད། ལྷག་པར་སྔོན་མ་ང་ཕ་གིར་འགྲོ་དུས་འ་རྩེ་རིན་ཆེན་གླིང་དུ་ལོ་ཙཱ་བ་རིན་ཆེན་བཟང་པོའི་སྐུ་ཆག་འཐོར་ཁག་ཚང་མ་ཕྱོགས་གཅིག་ཏུ་ཉར་ཚགས་བྱས་ནས་ཟུར་དུ་སྒམ་ནང་བླུགས་ནས་བཞག་ཡོད་རེད། དེ་ཚོ་དེ་བཞིན་ཉར་ཚགས་བྱས་ཡོད་ཤག་ཡིན། དེ་ཚོ་སྔ་མ་ནང་བཞིན་བཟོ་དགོས་རེད་ལ་བཟོ་ཡང་ཐུབ་ཀྱི་རེད།

H.H. in Limi 2015 9

 

དེ་ནས་དེ་རིང་གོ་སྐབས་འདི་བསྟུན་ནས་བསམ་འཆར་ཞུ་ཡག་ཞིག་ལ། འ་རྩེ་དེ་ཆུ་ལོག་གིས་གནོད་སྐྱོན་མང་པོ་ཞིག་ཡོང་གི་ཡོད་དུས། ཁྱོད་རང་ཚོ་ཡ་གི་ཐང་སྟེང་དེར་སྤོ་ཐུབ་པ་ཡིན་ན་ཡག་པོ་ཞེ་དྲག་ཡོང་ས་རེད་བསམ་འདུག སྔོན་མ་ང་ཚོ་གུར་རྒྱག་ས་དེར་འཆར་གཞི་ལྡན་པའི་ཐོག་གྲོང་པ་གསར་པ་ཞིག་འཛུགས་ཐུབ་པ་ཡིན་ན་ཡག་པོ་ཡོང་ས་རེད་བསམ་འདུག ཆུ་ལོག་དཀའ་ངལ་སྐབས་གྲོང་པ་དེ་ཚོ་ཕར་སེ་སྤོ་ཚུར་སེ་སྤོ་དགོས་ཡག་གནས་ཚུལ་མང་པོ་ཡོང་གི་འདུག་ག དེ་ཡིན་དུས་འཆར་གཞི་ལྡན་པའི་ཐོག་ནས་ཉི་འོད་གྲོང་ཁྱེར་ཞིག་གསར་འཛུགས་བྱེད་དགོས་ས་རེད། དེ་ཡང་ཕ་མེས་ནས་ཐུན་མོང་མ་ཡིན་པའི་བཟོ་དབྱིབས་ཡོད་པ། ཕྱི་ནང་ཉི་འོད་དྲོ་ཚད་ཡོད་པ། ད་ཆ་ལ་དྭགས་ཁུལ་དུ་ཉི་འོད་དྲོ་ཚད་ཞིབ་འཇུག་མང་པོ་བྱས་ཡོང་དུས། དགུན་ཁའི་དུས་སུ་མེ་གཏོང་མི་དགོས་པར་ཚ་ཚད་ ༢༠ ནས་ ༡༣ བར་གནས་ཐུབ་ཡག་གི་གནས་ཚུལ་ཡོད་ཡིན་པ་རེད། དེ་ཚོ་ལག་རྩལ་ལྡན་པ་ཞིག་ལ་འབྲེལ་བ་བྱེད་ཐུབ་པ་ཡིན་ན་འགྲོ་སོང་ཆུང་བ་དང་། ཕན་ཐོག་ཆེ་བ་དེ་འདྲ་ཡོང་ཡག་འདུག་པས་དེས་ཐོག་ལ་དོ་སྣང་བྱས་པ་ཡིན་ན་ཡག་པོ་ཡོང་ས་རེད་བསམ་འདུག་པས་ད་རེས་གོ་སྐབས་འདིར་རྒྱུད་ནས་ཞུས་པ་ཡིན། ལྷག་པར་དུ་འཆར་གཞི་དེ་གཞུང་ལ་ཞུས་པ་ཡིན་ན་མང་ཉུང་ལ་མ་ལྟོས་མར་རོགས་རམ་ཞིག་རག་སྲིད་ཀྱི་རེད་བསམ་འདུག་པས་གགཞུང་ལ་འབྲེལ་བ་བྱས་པ་ཡིན་ན་ཡག་པོ་ཡོད་རེད།

H.H. in Limi 2015 8

 

དེ་ནས་དེ་རིང་འདིར་ཞུ་འདོད་པ་ཞིག་ལ་དེང་གི་དུས་སུ་འཕྲོད་བསྟེན་དེ་གལ་ཆེན་པོ་ཞིག་ཆགས་ཡོད་རེད། དེང་སང་ཁྲོམ་རའི་ནང་ལ་ཟ་རྒྱུ་དང་གཏུང་བའི་རིགས་མང་པོ་ཞིག་མིག་ལམ་མཛེས་པོ་དང་། མིང་སྙན་པོ་མང་པོ་དོན་ཡོང་གི་ཡོད་རེད། ཡིན་ནས་དེ་ཚོ་དུས་ཚོད་ལྟ་དགོས་ཡག་དཔེ་གལ་ཆེན་པོ་རེད། དེ་རིང་ཁྱོད་རང་ཚོའི་མདུན་དུ་ཤིང་ཐོག་ཁུ་བ་མང་པོ་ཞིག་སྒྲིག་བཤོམ་བྱས་འདུག་ཀྱང་། དེ་ཚོ་དུས་ཚོད་ག་དུས་བཟོས་ཡོད་པ་དང་། ག་དུས་རྫོགས་ཀྱི་ཡོད་པ་ཤེས་དགོས་ཡག་གལ་ཆེན་པོ་ཆགས་ཡོད་རེད། དེ་ཡག་པོ་ལྟ་མ་ཤེས་ན། གནས་སྐབས་རུལ་མ་འགྲོ་བའི་ཆེད་དུ་རྫས་སྦྱོར་མང་པོ་བརྒྱབ་ཡོད་རེད། དེས་བཅོས་ཐབས་མེད་པའི་ནད་གཞི་མང་པོ་ཞིག་ཡོང་དང་ཡོང་བཞིན་པ་རེད། དཔེར་ན་འོ་མ་ཤོག་སྒམ་དེ་ཚོའི་རྒྱབ་ལོག་ལ་ཟླ་བ་ ༦ བར་ཉར་ན་འགྲིག་ལབ་ཡོད་རེད། ཡིན་ནས་ཟུར་གཅིག་ལ་ཁ་ཕྱེས་ནས་ཉི་མ་གཉིས་ནང་ཚུད་ལ་གཏུང་ཚར་བ་བྱེད་དགོས་བྲིས་ཡོད། གལ་སྲིད་དེའི་གནས་ཚུལ་ཡག་པོ་མ་ཤེས་པ་ཡིན་ན། དེས་རྐྱེན་པས་དེང་སང་བཅོས་ཐབས་མེད་པའི་གནད་གཞི་མང་པོ་ཞིག་ཡོང་ཁུངས་དེ་ཚོ་ཐུག་ཡོད་པ་གསལ་པོ་རེད། དེ་ཡིན་དུས་དེ་ཚོའི་ཐོག་ལ་གཟབ་གཟབ་གནང་དགོས་ཡག་གལ་ཆེན་པོ་རེད།

 

H.H. in Limi 2015 10

དེ་རིང་འདི་ནས་གསལ་བཤད་ཞུ་ཡག་ལ། ད་ལོ་ནས་བཟུང་ལོ་ལྟར་རིམ་བཞིན་ལྷ་བབས་དུས་ཆེན་ལ་གཉན་ཡོད་དུ་རིས་སུ་མེད་ནང་པ་ཡོངས་ཀྱི་སྨོན་ཆེན་མོ་ཞིག་ཚུགས་ཡིན། དེ་ལ་སྐྱ་སེར་ཁྱད་པར་མེད་པར། གཙོ་བོ་ནང་ཆོས་ངོ་སྤྲོད་དང་། དེ་བཞིན་ནང་ཆོས་བགྲོ་གླེང་བྱེད་ཡག་མཚོན་པའི་ལས་རིམ་མང་པོ་ཡོད། དེ་ཡང་འདི་ལོ་སྤྱི་ལ་ ༡༡ ཚེས་ ༣ ནས་ ༨ བར་ཉིན་ལྔའི་རིང་ལོ་ལྟར་རིམ་བཞིན་ཚུགས་ཡག་གི་འཆར་གཞི་བྱེད་ཀྱི་ཡོད། གཙོ་བོ་བྱང་ཆུབ་གླིང་དང་། དེ་མིན་དགོན་སྡེ་ཁག གཞན་ཡང་ཚོགས་སྡེ་ཁག་མང་པོ་ཞིག་མཉམ་བཞུགས་བྱེད་ཀྱི་ཡོད་རེད། དེ་མིན་ཆེད་དུ་གདན་ཞུས་བྱས་པའི་ཁོངས་སུ་འབྲུག་དང་། བལ་ཡུལ་དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་ཚོགས་སྡེ་ཁག་ཡོང་གི་ཡོད་རེད། དེ་བཞིན་ལྡི་ར་ལྡུན་ཁུལ་ནས་བོད་རིགས་གཞིས་ཆགས་ཁག་ཡང་ཕེབས་ཀྱི་ཡོད་རེད། དེའི་ཐོག་ལ་གླེ་མི་ནས་རྩ་བའི་ཁ་སེང་ཕྱག་བྲིས་སྔ་སོང་བྱུང་ཡོད་རེད། དེ་ཡིན་དུས་ཁྱེད་རང་ཚོ་དེའི་ཐོག་ལ་མཉམ་བཞུགས་གནང་ནས། ད་རེས་རིགས་གཞུང་འཁྲབ་སྟོན་དེ་ཚོ་དཔེ་ཡག་པོ་འདུག དེ་ཚོ་ཡིན་ན་གསོལ་ཇ་ཞལ་འབྲས་སྐབས་དང་། ལྷག་པར་དབུ་འབྱེད་མཛད་སྒོའི་སྐབས་སུ་བཀྲ་ཤིས་མཇལ་དར་གྱི་འཁྲབ་སྟོན་དེ་ཚོ་དཔེ་ཡག་པོ་ཡོང་ས་རེད། རྩ་བའི་གསོལ་ཇ་འདེགས་འབུལ་བྱེད་ཡག་དང་། གཞོན་ནུ་ཁག་ཅིག་སྐུ་སྲུང་བྱེད་ཡག་སོགས་ང་ཚོས་ཟུར་དུ་སློབ་སྦྱོང་སྤྲོད་ཡག་གི་འཆར་གཞི་དང་གོ་སྒྲིག་བྱས་ཡོད་རེད། དེ་ཡིན་དུས་ཁྱོད་རང་ཚོ་ག་ཚོད་ཕེབས་མཁན་ཡོད་ནས་བཞུགས་ས་དང་ཞལ་ལག་སོགས་གཉན་ཡོད་སྨོན་ཚོགས་པའི་གོ་སྒྲིག་ཆ་ཚང་ཞུ་ཡི་ཡོད་རེད།

 

རྩ་བའི་གླེ་མི་ལ་ཚོགས་པ་མང་པོ་ཞིག་ཡོད་དེ། ཡིན་ནས་དེ་རིང་གཉན་ཡོད་སྨོན་ལམ་ཆེན་མོ་འདི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་པ་ཞིག་ཡིན་སྟབས། མང་ཆེ་བ་དབྱིན་ཇི་ཐོག་ནས་འབྲེལ་ལམ་འཛུགས་དགོས་པ་ཡིན་དུས། ཚང་མའི་འཚབ་མཚོན་འབྲེལ་མཐུད་པ་གླེ་མི་བསོད་ལགས་བྱེད་ཡག་ཡིན་པས་གསལ་བཤད་ཞུ་ཡག་ཡིན།

H.H. in Limi 2015 6

 

དེ་ནས་དེ་རིང་འདིར་གླེ་མི་བ་ཚོས་སོ་སོའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཡག་དང་། མི་རིགས་གོང་བུ་ཆིག་སྒྲིལ་གྱི་དགའ་ན་དགའ་མཉམ་དང་། སྡུག་ན་སྡུག་མཉམ། ཟ་ན་ཟ་མཉམ། གཏུང་ན་གཏུང་མཉམ་ཐོག་ཚང་མ་མཉམ་འཛོམས་བྱེད་སའི་ལྟེ་གནས་འདི་འདྲ་ཞིག་གསར་འཛུགས་བྱེད་ཐུབ་པ་རྗེས་སུ་ཡི་རང་ཡོད། ང་ཚོས་ངེས་པར་དུ་རྒྱབ་སྐྱོར་བྱེད་དགོས་རེད། གླེ་མི་ལ་ཆ་མཚོན་ན་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པ་ལ་ལུས་ངག་ཡིད་གསུམ་གཏོད་འདུག་མཁན་ཞིག་རེད། དེ་རེས་ཁྱོད་རང་ཚོས་འདིར་ཚོགས་ཁང་མཚོན་པའི་ཕྱག་ལས་མང་པོ་ཞིག་གནང་ཡོང་དུས། ང་ཚོ་ལ་ཚོར་སྣང་ཞིག་ཡོད་རེད། ང་ཚོས་ངེས་པར་དུ་རོགས་པ་བྱེད་དགོས་རེད། ང་རྩ་བའི་གཉན་ཡོད་ལ་དགོན་པ་ཆེན་པོ་ཞིག་གསར་སྐྲུན་བྱེད་བཞིན་པ་དང་། ཨ་རིའི་སྒོར་མོ་ས་ཡ་བཞིའི་འཆར་གཞི་འགྲོ་བཞིན་པ་ཡིན། ཡིན་ནས་དེའི་ཁོངས་ནས་ནི་སྒོར་འབུམ་ཉི་ཤུ་རྩ་ལྔ་ཞིག་ཞལ་འདེབས་འབུལ་ཡག་ཡིན། དེ་བཞིན་སྤྲུལ་སྐུ་དཔལ་འབྱོར་ཡོད་མཁན་ཚོས་གང་ཡོང་ཅི་ཡོང་བྱས་ནས་ཞལ་འདེབས་གནང་ཅིང་ད་ལོར་བུ་ལོན་མེད་པར་གཙང་མ་བཟོ་ཐུབ་ཐབས་བྱེད་དགོས་རེད།

 

མཐའ་དོན་༧གོང་ས་སྐྱབས་མགོན་ཆེན་པོ་དབུས་པའི་རིས་མེད་བསྟན་འཛིན་སྐྱེས་ཆེན་རྣམས་སྐུ་ཚེ་ཞབས་པད་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་གེགས་མེད་ལྷུན་གྱི་འགྲུབ་པའི་སྨོན་འདུས་ཞུ་རྒྱུ་ཡིན་བཅས་བཀའ་སློབ་བཀའ་དྲིན་ཟབ་མོ་བསྩལ་གནང་སོང་བ་བཅས་ཀྱི་གནས་ཚུལ་དུ་བལ་ཡུལ་ནས་དཀོན་མཆོག་ཀརྨས།


 

བསམ་ཚུལ་སྤེལ།


Security code
གསར་འདོན་བྱ།