བཤེར་འཚོལ།

History-Banner

བརྟན་བཞུགས་ཆེན་མོའི་པར།

Loading script and Flickr images

14
11
13
12
10
11
9
8
7
6
5
4
3
2
1

གསལ་བསྒྲགས།

སྤྲེལ་ལོའི་བཀའ་ཆོས་ཆེན་མོ།

Monkey Year Teaching  2016 notice  Bodhi༄༅། །སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་མངའ་བདག་འབྲི་གུང་༧སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་ནས་སྤྱི་ལོ་ ༢༠༡༦ ཟླ་བ་ ༨ ཚེས་ ༥ ནས་༡༢ བར་ཉིན་བརྒྱད་ཀྱི་རིང་མང་ཡུལ་ལ་དྭགས་ལ་ལོག་འབྲི་གུང་བཀའ་བརྒྱུད་ཤར་དགོན་ཕུན་ཚོགས་ཆོས་གླིང་དུ་རྒྱལ་ཡོངས་འབྲི་གུང་བཀའ་བརྒྱུད་ཀྱི་སྤྲེལ་ལོའི་བཀའ་ཆོས་ཆེན་མོ་བཀའ་ཁྲིད་གནང་རྒྱུ།  

སྤྲེལ་ལོའི་བཀའ་ཆོས་ཆེན་མོའི་མཛད་རིམ་གཤམ་གསལ

Contact us: https://web.facebook.com/shachukul.gonpa

                   Mail: This email address is being protected from spambots. You need JavaScript enabled to view it.

 

H.H. Gyalwa Drikungpa in U.A.S 2015༄༅། །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧ སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་སྤྱི་ལོ་༢༠༡༥ ཟླ་ ༦ ཚེས་༨ ཉིན་སྔ་དྲོའི་ཆུ་ཚོད་༡༡:༣༠ ཐོག་ཨ་རའི་གྲོང་ཁྱེར་ Los Angeles རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་མཚམས་ཕེབས་བསུར་འབྲི་གུང་བཀའ་བརྒྱུད་རིན་ཆེན་ཆོས་གླིང་ཆོས་ཚོགས་ཀྱི་སློབ་དཔོན་ཐུབ་བསྟན་ཉི་མའི་གཙོས་བྱང་ཨ་རི་ཁུལ་གྱི་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་ཚོགས་ཁག་གི་སྒྲུབ་བླ་རྣམ་པ་དང་།

H.H. Gyalwa Drikungpa in U.A.S 2015 1དེ་བཞིན་འབྲི་གུང་བཀའ་བརྒྱད་ཀྱི་ཆོས་སྡེའི་སློབ་ཚོགས་དང་། ས་གནས་དད་ལྡན་མི་མང་ཡོངས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས་ཏེ། ཆོས་ཚོགས་སུ་ཞབས་སོར་འཁོད་སྐབས་ཨ་རིའི་ས་གནས་ཁག་གི་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་ཚོགས་རྣམས་ཀྱི་མཁན་པོ་སྒྲུབ་དཔོན་བླ་མ་རྣམས་པ་ལྷན་འཛོམས་གྱིས་གདུག་དང་རྒྱལ་མཚན་བ་དན་ལ་སོགས་པའི་མཆོད་རྫས་སྣ་ཚོགས་ཐོག་པའི་སེར་སྦྲེང་དང་། 

H.H. Gyalwa Drikungpa in U.A.S 2015 5

དད་ལྡན་སློབ་མ་རྣམས་ཀྱིས་ལག་ན་དཀར་གཙང་གི་ཁ་ཐག་ཐོག་ཏེ་ཕེབས་བསུ་ཟབ་རྒྱས་ཞུས་ནས་གཙུག་ལག་ཁང་དུ་བཞུགས་ཁྲིར་ཞབས་སོར་འཁོད་མཚམས། འདུས་པ་རྣམས་ཀྱིས་མཎྡལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་། ཞབས་རྟེན་གསོལ་འདེབས་སྨོན་ལམ་གསུང་གསུང་གྲུབ་ནས་གྲལ་དུ་འཁོད། དེ་རྗེས་གསོལ་ཇ་བཞེས་འབྲས་འདེགས་འབུལ་དང་འབྲེལ༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གིས་འདུས་ཚོགས་ཚོགས་ཡོངས་ལ་འཚམས་འདྲིའི་བཀའ་སློབ་སྙིང་བསྡུས་ཞིག་གནང་ནས་གསུང་ཚོགས་གྲོལ།

 

H.H. Gyalwa Drikungpa in U.A.S 2015 6ཚེས་༩ ཉིན་སྔ་དྲོའི་ཆུ་ཚོད་༡༠:༣༠ ཐོག་ Los Angeles གྲོང་ཁྱེར་གྱི་བརྙན་འཕྲིན་ལས་ཁུངས་ཁག་གསུམ་དང་། གསར་འགྱུར་ལས་ཁུངས་གཅིག་བཅས་ཀྱི་གཅར་འདྲི་ལ་བཀའ་ལན་ཟབ་རྒྱས་གནང་།H.H. Gyalwa Drikungpa in U.A.S 2015 8  ཚེས་༡༠ ཉིན་བླ་སློབ་དད་ལྡན་མང་ཚོགས་ལ་དཔལ་འཁོར་ལོ་སྡོམ་པའི་བཀའ་དབང་ཟབ་མོ་བཀའ་དྲིན་བསྩལ་གནང་མཛད།  ཚེས་༡༡ ཉིན་བྱང་ཨ་རིའི་འབྲི་གུང་བཀའ་བརྒྱུད་ལྷན་འཛོམས་གྱིས་ས་ཟླའི་ཉེར་ལྔ་མཆོད་པའམ་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོའི་དགོངས་རྫོགས་དུས་མཆོད་ཆེན་མོ་ཐེངས་གཉིས་པའི་ཚོགས་མགོན་དུ་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་དབུ་བཞུགས་ཐོག་བླ་མ་མཆོད་པ་གསུང་གནང་མཛད་པ་དང་། ཉིན་གུང་རིན་ཆེན་ཆོས་གླིང་གི་ལྡུམ་རའི་ནང་དུ་བྱང་ཆུབ་ལྗོན་ཤིང་འདེབས་འཛུགས་གྱིས་བསྟན་པ་དར་ཞིང་འགྲོ་ཁམས་བདེ་བའི་ཐུགས་སྨོན་གནང་། དགོང་མོ་ཨ་རིའི་ས་གནས་ཁག་ནས་ཕེབས་པའི་མཁན་སློབ་གྲྭ་བཙུན་རྣམ་པ་དང་། སློབ་ཟུར་པ་ཡོངས་ལ་འདི་ཕྱི་དགེ་བའི་བླང་དོར་གྱི་བཀའ་སློབ་ཟབ་རྒྱས་གནང་།
H.H. Gyalwa Drikungpa in U.A.S 2015 4ཚེས་༡༢ ནས ༡༤ བར་ཉིན་གསུམ་རིང་འཁོར་ལོ་སྡོམ་པའི་སྒྲུབ་མཆོད་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་མཛད་པ་དང་། སྒྲུབ་མཆོད་ཀྱི་ཉིན་རྗེས་མར་རིན་ཆེན་ཆོས་གླིང་གི་བླ་སློབ་རྣམས་དང་། 

H.H. Gyalwa Drikungpa in U.A.S 2015 9

བྱང་ཨ་རིའི་འབྲི་གུང་བཀའ་བརྒྱུད་རྒྱལ་སྤྱིའི་དབུས་སྤྱི་ཁྱབ་ཡན་ལག་ལྷན་ཚོགས་ཐུན་མོང་ནས་༧ སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གི་སྐུ་ཡི་དགུང་གྲངས་བདུན་བཅུར་ཕེབས་ལ་ཉེ་བའི་འཁྲུངས་སྐར་སྲུང་རྩི་དང་འབྲེལ་བརྟན་བཞུགས་ཞབས་བརྟན་འདེགས་འབུལ་ཞུས།

ཚེས་༡༥ ཉིན་སྟོན་འཁོར་ལྷན་རྒྱས་ཞི་བདེ་རྒྱ་མཚོའི་ཁར་ཕེབས་སྟེ་རྡུལ་མཚོན་ཆུར་གཤེགས་མཛད་ཏེ་འཛམ་གླིང་ཞི་བདེ་ཡོང་བའི་བཀྲ་ཤིས་སྨོན་ལམ་གནང་བ་བཅས་འབྲི་གུང་རིན་ཆེན་ཆོས་གླིང་དུ་ཡིད་བཞིན་ནོར་བུའི་མཛད་རིམ་རྣམས་ལེགས་པར་གྲུབ་ཏེ།
ཚེས་༡༦ ཉིན Los Angeles རྒྱལ་སྤྱིའི་གནམ་ཐང་བརྒྱུད་རྒྱ་གར་ལ་འཆིབས་སྒྱུར་གནང་བ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།
སློབ་དཔོན་ཐུབ་བསྟན་ཉི་མས་ཨ་རི་ནས།



བསམ་ཚུལ་སྤེལ།


Security code
གསར་འདོན་བྱ།