བཤེར་འཚོལ།

History-Banner

བརྟན་བཞུགས་ཆེན་མོའི་པར།

Loading script and Flickr images

14
11
13
12
10
11
9
8
7
6
5
4
3
2
1

གསལ་བསྒྲགས།

སྤྲེལ་ལོའི་བཀའ་ཆོས་ཆེན་མོ།

Monkey Year Teaching  2016 notice  Bodhi༄༅། །སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་མངའ་བདག་འབྲི་གུང་༧སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་ནས་སྤྱི་ལོ་ ༢༠༡༦ ཟླ་བ་ ༨ ཚེས་ ༥ ནས་༡༢ བར་ཉིན་བརྒྱད་ཀྱི་རིང་མང་ཡུལ་ལ་དྭགས་ལ་ལོག་འབྲི་གུང་བཀའ་བརྒྱུད་ཤར་དགོན་ཕུན་ཚོགས་ཆོས་གླིང་དུ་རྒྱལ་ཡོངས་འབྲི་གུང་བཀའ་བརྒྱུད་ཀྱི་སྤྲེལ་ལོའི་བཀའ་ཆོས་ཆེན་མོ་བཀའ་ཁྲིད་གནང་རྒྱུ།  

སྤྲེལ་ལོའི་བཀའ་ཆོས་ཆེན་མོའི་མཛད་རིམ་གཤམ་གསལ

Contact us: https://web.facebook.com/shachukul.gonpa

                   Mail: This email address is being protected from spambots. You need JavaScript enabled to view it.

 

Drikung Kyabgon Chungtsang and Gelong Tashi Rabten 2015 5སྤྱི་ལོ། ༢༠༡༥ ཟླ་བ་ ༨ ཚེས། ༡༡ ཉིན་གྱི་ཞོགས་པར།         སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧སྐྱབས་མགོན་རྡོ་རྗེ་འཆང་དཀོན་མཆོག་བསྟན་འཛིན་ཆོས་ཀྱི་སྣང་བ་མཆོག་འབྲི་གུང་བཀའ་བརྒྱུད་ཀྱི་རྩ་བའི་གདན་ས་འབྲི་ཐེལ་འོག་མིིན་བྱང་ཆུབ་གླིང་དུ་འཆིབས་སྒྱུར་སྐབས། གདན་སའི་ཁྲི་དཔོན་སོ་བདུན་པ་གྲུབ་དབང་བཀྲ་ཤིས་རབ་བརྟན་མཆོག་དང་། མཁན་པོ་ཁྲི་ཐོག་པ་དཀོན་མཆོག་དོན་གྲུབ་གཙོའི་སེར་སྐྱ་མི་དམངས་ཡོངས་ཀྱིས་བཀྲ་ཤིས་པའི་སེར་སྦྲེང་གི་བསུ་བ་བཅས་ལྷ་ཁང་ཆེན་མོ་གསེར་ཁང་དུ་ཆིབས་བསྒྱུར་གནང་། མགོན་པོ་མཆོག་ནས་རྟེན་གཙོ་སྐྱོབ་པའི་དངུལ་སྐུ་ཆེན་མོར་མཇལ་དར་ཕུལ་རྗེས། ཀླུ་མལ་གྲོ་གཟི་ཆེན་གྱིས་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོར་ཕུལ་བའི་གཟི་ཆེན་བཞུགས་ཁྲི་རིན་པོ་ཆེར་ཞབས་སོར་འཁོད་མཚམས་ཁྲིད་དཔོན་གྲུབ་དབང་བཀྲ་ཤིས་རབ་བརྟན་མཆོག་དང་། གྲྭ་ཚང་གི་དབུ་ལས་ཡོངས་ཀྱི་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། མགོན་པོ་མཆོག་དབུ་བཞུགས་ཐོག་དགེ་འདུན་ཡོངས་ཀྱིས་བླ་མཆོད་བྱིན་རླབས་ཆར་འབེབས་ཀྱི་སྒོ་ནས་ཚོགས་མཆོད་རྒྱས་པ་ཕུལ།

Drikung Kyabgon Chungtsang and Gelong Tashi Rabten 2015 1

ཉིན་གུང་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་གྲུབ་དབང་བཀྲ་ཤིས་རབ་བརྟན་རྣམ་གཉིས་བླ་གཡེལ་ཆོས་ར་ཆེན་མོར་སྐྱོབ་པའི་ས་ཁྲི་དམར་པོ་ཞབས་སོར་འཁོད་དེ། མི་དམངས་སྟོང་ཚོ་མང་པོར་བྱིན་རླབས་དང་མཇལ་ཁ་གནང་གྲུབ་རྗེས། འདུ་ཁང་ཆེན་མོ་བཀྲ་ཤིས་སྒོ་མང་དུ་ཆིབས་བསྒྱུར་གནང་སྟེ་སེར་སྐྱ་མི་མང་ཡོངས་ལ་བཀའ་སློབ་གནང་བ་ལས་སྙིང་བསྡུས་ནི། ཐོག་མར་འཚམས་འདྲི་དང་འབྲེལ་གསུངས་དོན། ང་ཚོ་ཚང་མ་ནང་པ་སངས་རྒྱས་པ་ཡིན་པས་རིས་སུ་མ་མཆིས་པའི་ཆོས་ལུགས་ཁག་ལ་དག་སྣང་དང་། གུས་ཞབས། བརྩི་མཐོང་། དེ་བཞིན་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་ཟབ་རྒྱས་གཞུང་ལུགས་ཁག་ལ་ཐོས་བསམ་གནང་རྒྱུ་དང་། ཡང་སྒོས་སུ་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོའི་བཀའ་བཟང་རྨད་དུ་བྱུང་བ་དམ་ཆོས་དགོངས་པ་གཅིག་པ་དང་། ཐེག་ཆེན་བསྟན་པའི་སྙིང་པོ་བཅས་ལ་ཐོས་བསམ་སྒོམ་གསུམ་དགོས་གལ་དང་། མདུན་ལམ་གཅིག་པའི་ང་ཚོ་ཁ་བ་གངས་ཅན་པ་ཚང་མ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབ་བཟང་སྤྱོད་དང་རིག་གཞུང་རྒྱུན་སྐྱོང་། དེང་དུས་ཀྱི་སློབ་སྦྱོང་ལ་ཡང་འབད་པ་ལྷོད་མེད་དགོས་ཚུལ་བཅས་ཀྱི་བླང་དོར་བཀའ་སློབ་བཀའ་དྲིན་བསྩལ། འཇུག་ཏུ་ཁོང་གིས་འཛམ་གླིང་ཞི་བདེ་དང་ཆོས་ལུགས་འཆམ་མཐུན་ཡོང་བའི་བཀྲ་ཤིས་ཐུགས་སྨོན་དང་། དེ་བཞིན་མགོན་པོ་མཆོག་གི་གཟིམ་ཆུང་དུ་གང་ཉིད་དང་ཁྲི་དཔོན་གྲུབ་དབང་བཀྲ་ཤིས་རབ་བརྟན་རྣམ་གཉིས་གཅིག་པུ་མཇལ་ཕྲད་ཀྱིས་ནང་མོལ་གསུང་གླེང་ལྷུག་པོར་གནང་།Drikung Kyabgon Chungtsang and Gelong Tashi Rabten 2015 2

སྤྱི་ཚེས། ༡༢ ཉིན། མགོན་པོ་མཆོག་རྟེན་ཁྱད་པར་ཅན་འཛམ་གླིང་རྒྱན་དང་། ཨ་ཕྱི་ཁང་གི་གཙོས་པའི་གླིང་གི་ཕྱི་ནང་བར་གསུམ་ལ་གནས་གཟིགས་དང་། ཁྲུས་གསོལ་རབ་གནས་རྒྱས་པ་གནང་། སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་སྒྲུབ་ཁང་གཟིམ་ཆུང་བྲག་གླེ་དཀར་ཆུང་དུ་ཆིབས་ཞལ་བསྒྱུར་ཏེ། ཆུ་ཚོད་ཕྱེད་ཙམ་རིང་བཞུགས་གནང་མཛད་པ་དང་། ༧སྐྱབས་མགོན་མཆོག་དང་དཔའ་ཆུང་རྡོ་རྗེ་འཆང་ལྷན་སྒྲོན་གྱི་སྐུ་པར་རྙིང་པ་ཞིག་ཡོད་པ་དེར་གཟིགས་ནས་གྲུབ་དབང་དཔའ་ཆུང་རིན་པོ་ཆེའི་རྣམ་ཐར་སྙིང་བསྡུས་ཤིག་ཀྱང་གསུངས། ཐུགས་སྨོན་ཟབ་རྒྱས་གནང་།Drikung Kyabgon Chungtsang and Gelong Tashi Rabten 2015 4

ཕེབས་ཞོར་དུ་དགོན་པའི་སྨན་ཁང་དུ་རབ་གནས་དང་སངས་རྒྱས་སྨན་ལྷའི་གཟུངས་སྔགས་བཅས་གསུངས་ནས་གྲྭ་ཚང་གི་ལྷན་རྒྱས་ཁང་དུ་ཕེབས་ཏེ་དགོན་པའི་དབུ་ལས་ཡོངས་ལ་མ་འོངས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཕྱོགས་སྐོར་གྱི་བཀའ་སློབ་བཀའ་དྲིན་བསྩལ་བ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།
                       ཟླ་བ་དོན་གྲུབ་ཀྱིས།

བསམ་ཚུལ་སྤེལ།


Security code
གསར་འདོན་བྱ།