བཤེར་འཚོལ།

History-Banner

བརྟན་བཞུགས་ཆེན་མོའི་པར།

Loading script and Flickr images

14
11
13
12
10
11
9
8
7
6
5
4
3
2
1

གསལ་བསྒྲགས།

སྤྲེལ་ལོའི་བཀའ་ཆོས་ཆེན་མོ།

Monkey Year Teaching  2016 notice  Bodhi༄༅། །སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་མངའ་བདག་འབྲི་གུང་༧སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་ནས་སྤྱི་ལོ་ ༢༠༡༦ ཟླ་བ་ ༨ ཚེས་ ༥ ནས་༡༢ བར་ཉིན་བརྒྱད་ཀྱི་རིང་མང་ཡུལ་ལ་དྭགས་ལ་ལོག་འབྲི་གུང་བཀའ་བརྒྱུད་ཤར་དགོན་ཕུན་ཚོགས་ཆོས་གླིང་དུ་རྒྱལ་ཡོངས་འབྲི་གུང་བཀའ་བརྒྱུད་ཀྱི་སྤྲེལ་ལོའི་བཀའ་ཆོས་ཆེན་མོ་བཀའ་ཁྲིད་གནང་རྒྱུ།  

སྤྲེལ་ལོའི་བཀའ་ཆོས་ཆེན་མོའི་མཛད་རིམ་གཤམ་གསལ

Contact us: https://web.facebook.com/shachukul.gonpa

                   Mail: This email address is being protected from spambots. You need JavaScript enabled to view it.

 

 

2015-08-17 H.H. Drikung Kyabgon Chetsang  1༄། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧ སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་བྱང་ཨ་རིའི་ཁ་ལི་ཧྥོ་ནི་ཡ་མངའ་སྡེའི་སན་ཧྥན་སེ་སི་ཀོ་གྲོང་ཁྱེར་བོད་རིགས་སྤྱི་མཐུན་ཚོགས་པའི་ཇི་ལྟར་གསོལ་བ་བཏབ་དོན་བཞིན། སྤྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༤ ཉིན་ཆིབས་སྒྱུར་བཀའ་དྲིན་བསྐྱངས་སྐབས། གནམ་ཐང་དུ་མཆོག་སྤྲུལ་བུམ་མང་རིན་པོ་ཆེ་དང་། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གཙོས་པའི་སེར་སྐྱ་མི་དམངས་རྣམས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས།


2015-08-17 H.H. Drikung Kyabgon Chetsang  3སྤྱི་ཚེས། ༡༥ ཉིན། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག བོད་རིགས་སྤྱི་མཐུན་ཚོགས་པའི་དབུས་བླ་སྤྲུལ་མི་མང་ཡོངས་ཀྱི་ཕེབས་བསུ་སེ་སྦྲེང་ཟབ་རྒྱས་ངང་ཚོགས་ཁང་དུ་གདན་འདྲེན་ཞུས་ཏེ། བཞུགས་ཁྲིར་ཞབས་སོར་འཁོད་འཚམས། སྐྱབས་འགྲོ་སེམས་བསྐྱེད་གསུངས་རྗེས། བོད་རིགས་སྤྱི་མཐུན་ཚོགས་པས་ཆོས་ཀྱི་འཁོར་ལོ་སྐོར་བར་བསྐུལ་བའི་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་གྲུབ་པ་དང་། 2015-08-19 H.H. Drikung Kyabgon Chetsang 4མགོན་པོ་མཆོག་གིས་གསུང་དོན། ང་ཚོ་ནང་པའི་རྗེས་འཇུག་ཡིན་པས་ཐོག་མར་ཤེས་དགོས་པ་དེ་སྟོན་པ་སངས་རྒྱས་རེད། སངས་རྒྱས་ཀྱི་མཚན་ལས་འཕྲོས་ཏེ་ཅུང་ཞུ་ན། རྒྱ་གར་སྐད་དུ་བུདྷ་ཟེར། དེ་ལ་གོ་དོན་བཅུ་ཡོད་ཀྱང་སྐད་རིགས་གཞན་ལ་ཇི་བཞིན་བསྒྱུར་ཁག་ཙམ་ཡོད། བོད་སྐད་ཐོག་སངས་རྒྱས་ཞེས་བསྒྱུར་ཡོད། དེ་ཧ་ཅང་འགྱུར་ཡག་པོ་ཡིན། སངས་ཟེར་ན་མེད་པའམ་གཙང་མ་བཟོ་པའི་དོན་ཡིན་པས་སྤང་བྱ་ཉོན་མོངས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤང་བས་ན་སངས་ཟེར། རྒྱས་ཟེེར་ན་ཁ་ཕྱེ་བའམ་སྨིན་པའི་དོན་ཡིན་པས། མཁྱེན་གཉིས་ཡེ་ཤེས་མཐར་ཕྱིན་པ་པདྨའི་འདབ་མ་ལྟར་རྒྱས་པ་ན་རྒྱས་ཟེར། མདོར་ན་སྤངརྟོགས་ཡོངས་སུ་རྫོགས་པ་ཞིག་ལ་གོ་ཞེས་གསུངས། དེ་ནས་འབྲི་གུང་འཕོ་བ་ཆེན་མོའི་རྒྱུད་རིམ་དང་། དམིགས་རིམ་སྐོར་གྱི་བཀའ་ཁྲིད་དང་ལྗགས་ལུང་བཀའ་དྲིན་བསྩལ།2015-08-19 H.H. Drikung Kyabgon Chetsang 1

ཕྱི་དྲོ་མ་གཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་གནང་སྐབས་གསུངས་དོན། ཚེ་དབང་ཞུས་པའི་དམིགས་ཡུལ་ཚེ་རིང་པོ་ཡོང་བའི་ཆེད་དུ་ཡིན། ཚེ་རིང་པོ་ཡོང་བ་ལ་རྒྱུ་རྐྱེན་མང་པོ་ཡོད། དཔེ་མཚོན་ཙམ་ཞུས་ན། ཚེ་ཡི་ལྷ་ཚོགས་ཀྱི་དབང་བསྐུར་བ། སྔགས་བཟླ་བ། ཏིང་ངེ་འཛིན་སྒོམ་པ་སོགས་ཀྱི་ཚེ་རིང་བ་དང་། དེ་བཞིན་སྨན་དང་ཁ་ཟས། ལུས་ཀྱི་རྩལ་སྦྱོང་སོགས་ཀྱང་ཕན་ཐོག་ཆེན་པོ་ཡོད་པས་དོ་སྣང་དགོས་གལ་གྱིས་འཕྲོད་བསྟེན་སྐོར་གྱི་བཀའ་སློབ་སྙིང་བསྡུས་བསྩལ། 2015-08-19 H.H. Drikung Kyabgon Chetsang 2
མཇུག་ཏུ་འབྲི་གུང་བཀའ་བརྒྱུད་ཀྱི་ས་གནས་དེ་གའི་དད་ལྡན་ཡོངས་དང་། བོད་རིགས་སྤྱི་མཐུན་ཚོགས་པས་བཀའ་དྲིན་གཏང་རག་གི་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས།
དེ་རྗེ་མགོན་པོ་མཆོག་གིས་བོད་རིགས་ཚོགས་པར་མ་འོངས་བོད་ཀྱི་ཆོས་དང་རིག་གཞུང་ཡར་རྒྱས་གོང་འཕེལ་གཏོང་ཕྱིར་ཨ་སྒོར་སྟོང་དགུ་༩༠༠༠ ལྷག་གསོལ་རས་བསྩལ།

སྤྱི་ཚེས་ ༡༦ ཉིན་གྱི་ཞོགས་པར་བྱང་ཨ་རིའི་ཁ་ལི་ཧྥོ་ནི་ཡའི་བོད་རིགས་ཚོགས་པའི་ཚོགས་གཙོ་སྐལ་བཟང་འབྱུང་གནས་ལགས་ཀྱིས། ༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་ཨ་རིའི་བོད་རིགས་ཚོགས་པས་གསོལ་བ་བཏབ་དོན་བཞིན་ཆིབས་སྒྱུར་བཀའ་དྲིན་བསྐྱངས་བར་ཐུགས་རྗེ་ཆེ་ཞུས་བ་དང་འབྲེལ། ཚོགས་པའི་གནས་སྟངས་དང་ལས་འཆར་སོགས་སྙན་སྒྲོན་ཞུས་ཡོད།2015-08-19 H.H. Drikung Kyabgon Chetsang 3

མགོན་པོ་མཆོག་གིས་༼བོད་བཙན་པོའི་རྒྱལ་རབས༽ ཀྱི་ཕྱག་དེབ་གཞི་རྩར་བཟུང་ནས་གསུང་བཤད་གནང་དོན། རྩ་བའི་བོད་བཙན་པོའི་རྒྱལ་རབས་འདིའི་ཡིག་ཆའི་ཁུངས་གཏུགས་ས་གཙོ་བོ་ཏུན་ཧོང་གི་ཡིག་ཆ་དང་། ཐང་ཡིག་གསར་རྙིང་། བོད་བཙན་པོའི་སྐབས་ཀྱི་རྡོ་རིང་དང་བྲག་བརྐོས་ཡི་གེ་སོགས་རེད། ཏུན་ཧོང་གི་ཡིག་ཆའི་སྐོར་ལ་དོ་སྣང་ཡོང་སྟངས་དེ། ང་ཡུལ་གྲུ་མང་པོ་ཞིག་ཏུ་སྐྱོད་ཀྱི་ཡོད་ལ། ཕྲན་བུ་མ་འདྲ་བར་བསམ་བློ་གཏོང་གིན་ཡོད། ཧྥ་རན་སི་དང་ནེའུ་ཡོག་སོགས་ཀྱི་དཔེ་མཛོད་ཁང་དུ་ཏུན་ཧོང་གི་ཡིག་རྙིང་སྐོར་ཧ་ཅང་མང་པོ་རེད་ལ། རྒྱ་ཡིག་སོགས་ལ་ཞིབ་འཇུག་བྱེད་མཁན་མང་པོ་རེད། ཡིན་ནས་བོད་ཡིག་ལ་ཞིབ་འཇུག་བྱེད་མཁན་ནི་ཕྱིའི་རྒྱལ་ཁབ་ཁ་ཤས་ཀྱི་མི་རིགས་ལས་བོད་རིགས་མི་འདུག་པས། བོད་མི་ཞིག་གིས་ཅིག་མ་བྱས་ན་འགྲིག་མ་སོང་བསམས་ཏེ་བོད་བཙན་པོའི་རྒྱལ་རབས་སྐོར་ལ་ཞིབ་འཇུག་བྱ་འགོ་བརྩམས་པ་ཡིན། བཙན་པོའི་རྒྱལ་རབས་ཟེར་བ་དེ་བཙན་པོ་ ༤༣ གྱིས་ལོ་ངོ་ ༡༢༣༢ རིང་བོད་ལ་དབང་བསྒྱུར་བྱས་པའི་རིམ་པ་དེ་རེད་ལ། གདུང་རྒྱུད་གཅིག་གིས་དེ་འདྲའི་མི་ཐོག་མང་པོ་དང་དུས་ཡུན་རིང་པོར་དབང་བསྒྱུར་བྱས་པ་རྒྱ་དཀར་ནག་གི་ལོ་རྒྱུས་སོགས་ན་ཧ་ཅང་གི་དཀོན་པོ་རེད། དེ་ཚོ་གནད་འགག་ཅིག་རེད་ལ་ཤེས་རྟོགས་དགོས་པའང་ཧ་ཅང་གི་གལ་ཆེན་རེད། ཅེས་བཀའ་སློབ་བསྩལ། དེ་རྗེས་མི་མང་གི་དྲི་བ་དག་ལ་བཀའ་ལན་རྒྱས་བཤད་གནང་།2015-08-19 H.H. Drikung Kyabgon Chetsang 5

དགོང་དྲོ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཆོས་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་དོན་བཞིན་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ། བོད་རིགས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་ཡོངས་ལ་མགོན་པོ་མཆོག་ནས། རྡོ་རྗེ་སེམས་པའི་ཉམས་ལེན་སྐོར་གྱི་བཀའ་ཁྲིད་དང་ལྗགས་ལུང་གནང་། དེ་རྗེས་ཆོས་ཚོགས་ཀྱི་བླ་མས་༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་འདི་གར་ཆོས་ཚོགས་སུ་ཕེབས་པར་དགའ་བསུ་དང་བཀའ་དྲིན་ཆེ་ཞུའི་གསུང་བཤད་དང་། ཆོས་ཚོགས་ཀྱི་བྱུང་རིམ་སྙན་སྒྲོན་ཞུས། དེ་བཞིན་མ་འོངས་པའང་ཡང་ནས་ཡང་དུ་ཆིབས་ཞལ་སྒྱུར་རྒྱུར་གསོལ་བ་བཏབ་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ། ཟླ་ཀར་གྱིས།

བསམ་ཚུལ་སྤེལ།


Security code
གསར་འདོན་བྱ།