བཤེར་འཚོལ།

History-Banner

བརྟན་བཞུགས་ཆེན་མོའི་པར།

Loading script and Flickr images

14
11
13
12
10
11
9
8
7
6
5
4
3
2
1

གསལ་བསྒྲགས།

སྤྲེལ་ལོའི་བཀའ་ཆོས་ཆེན་མོ།

Monkey Year Teaching  2016 notice  Bodhi༄༅། །སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་མངའ་བདག་འབྲི་གུང་༧སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་ནས་སྤྱི་ལོ་ ༢༠༡༦ ཟླ་བ་ ༨ ཚེས་ ༥ ནས་༡༢ བར་ཉིན་བརྒྱད་ཀྱི་རིང་མང་ཡུལ་ལ་དྭགས་ལ་ལོག་འབྲི་གུང་བཀའ་བརྒྱུད་ཤར་དགོན་ཕུན་ཚོགས་ཆོས་གླིང་དུ་རྒྱལ་ཡོངས་འབྲི་གུང་བཀའ་བརྒྱུད་ཀྱི་སྤྲེལ་ལོའི་བཀའ་ཆོས་ཆེན་མོ་བཀའ་ཁྲིད་གནང་རྒྱུ།  

སྤྲེལ་ལོའི་བཀའ་ཆོས་ཆེན་མོའི་མཛད་རིམ་གཤམ་གསལ

Contact us: https://web.facebook.com/shachukul.gonpa

                   Mail: This email address is being protected from spambots. You need JavaScript enabled to view it.

 

 

 H.H. the Gyalwa Drikungpa at the Great Shravasti 1སྤྱི་ལོ་༢༠༡༥ ཟླ་ ༡༡ པའི་ཚེས་ ༣ ནས་སྤྱི་ཚེས་༧ བར་ཉིན་ལྔའི་རིང་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་ཡིད་བཞིན་ནོར་བུ་དབུ་མཆོག་དབུ་བཞུགས་ཐོག འབྲི་གུང་བཀའ་བརྒྱུད་དགོན་སྡེ་ཁག་གི་བླ་སྤྲུ་མཁན་སློབ་འདུས་སྡེའི་ཚོགས་དང་། དེ་བཞིན་འབྲུག་དང་། འབྲས་ལྗོངས། རྒྱ་གར་ནང་པ། སླེ་མི་དང་། ལ་ཕྱི། ལ་དྭགས། རྡེ་ར་རྡུན་བོད་རིགས་གཞིས་ཆགས་ཁག དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་སློབ་ཚོགས་བཅས་འདུས་མང་སྟོང་ཚོ་གཉིས་ལས་བརྒལ་བ་ལྷན་འཛོམས་ཀྱིས་མཉན་ཡོད་ནང་པའི་རིག་གཞུང་དུས་སྟོན་ཆེན་མོ་དངོས་སུ་མཛད་སྒོ་ཚུགས་གནང་བ་རེད།
མཛད་སྒོའི་ཐོག་༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་དང་། སྐུ་མགྲོན་གཙོ་བོ་ས་གནས་རྫོང་དཔོན་ R.Vikram Singh རྣམ་གཉིས་ཀྱིས་སྣང་གསལ་མར་མེ་ཞལ་འབྱེད་གནང་བ་དང་། སྐུ་མགྲོན་གཙོ་བོ་སོགས་གནད་ཡོད་མི་སྣ་ཁག་གིས་མཉན་ཡོད་ནང་པའི་དུས་སྟོན་དང་འབྲེལ་བའི་གསུང་བཤད་གྲུབ་མཚམས།
སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧འབྲི་གུང་༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གིས་སངས་རྒྱས་ཀྱི་ཞབས་རྗེས་འདེད་རྒྱུ་ཟེར་བའི་བརྗོད་གཞིའི་ཐོག་ཟབ་རྒྱས་ཀྱི་བཀའ་སློབ་བསྩལ།


     H.H. the Gyalwa Drikungpa at the Great Shravasti 2དེ་ནས་ཉིན་ལྟར་སྔ་དྲོའི་ཆར་སྨོན་ལམ་ཆེན་མོ་ཚོགས་ཐེངས་གཅིག་དང་། དེ་རྗེས་ཚོགས་ཐུན་གཅིག་ལ་༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གིས་བཀྲ་ཤིས་པའི་མདོ་བཀའ་ཁྲིད་ཀྱིས། དུས་ཚོད་དང་ཁོར་ཡུག་གི་འགྱུར་འགྲོས་དང་བསྟུན་པའི་ཐོག་ནས་ནང་ཆོས་ཇི་ལྟར་ཉམས་སུ་ལེན་དགོས་པ་དང་། ནང་ཆོས་ཀྱི་ཉམས་ལེན་དང་འབྲེལ་བའི་ཐོག་ནས་ཁོར་ཡུག་བདག་སྐྱོང་བྱེད་ཚུལ་སོགས་ཀྱི་བཀའ་སློབ་བཀའ་དྲིན་བསྐྱངས།
       བཀྲ་ཤིས་པའི་མདོ་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཉན་ཡོད་དུ་གསུངས་པ་ཞིག་ཡིན་ལ། དེའི་བརྗོད་བྱ་གཙོ་བོ་ནི་འཇིག་རྟེན་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་མི་ཆོས་གཙོ་བོར་བྱས་པའི་ཐོག་ནས་དམ་པ་ལྷ་ཆོས་ཀྱི་ལམ་དུ་ཇི་ལྟར་བགྲོད་པ་དང་། དེ་ལ་བརྟེན་ནས་གནས་སྐབས་དང་མཐར་ཐུག་གི་བཀྲ་ཤིས་དང་བདེ་ལེགས་ཇི་ལྟར་འབྱུང་བའི་ཚུལ་གསལ་པོར་བསྟན་པའི་མདོ་ཞིག་ཡིན།
    H.H. the Gyalwa Drikungpa at the Great Shravasti 4འདི་ལ་འབྲི་གུང་༧སྐྱབས་མགོན་མཆོག་དང་རྒྱ་ཡི་མཁན་པོ་དགེ་ལེགས་རྣམ་གཉིས་ཀྱིས་རྒྱ་ཡིག་ནས་བོད་ཡིག་ཐོག་བསྒྱུར་བ་བཀྲ་ཤིས་པའི་མདོ་ཞེས་པ་ཞིག་དང་། བོད་ཀྱི་བཀའ་འགྱུར་རྒྱུད་འབུམ་ཁྲོད་དུ་བཞུགས་པའི་ལྷས་ཞུས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཞེས། གཉིས་འདུག་པ་ལས་ཐེངས་འདིའི་བཀའ་ཆོས་ནི་ཕྱི་མའི་ཐོག་ནས་གནང་།
  ཕྱི་དྲོའི་ཆར་ཚོགས་ཐེངས་དང་པོར་བོད་དང་རྒྱ་གར། དེ་བཞིན། རྒྱ་ནག ལ་དྭགས། འབྲུག་བཅས་སྡེ་ཚན་ཁག་ལྔར་བགོས་ཏེ། དེ་སོ་སོར་དམིགས་བསལ་གདན་ཞུས་ཀྱི་མཁས་དབང་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཉིན་དང་པོར་སྐྱབས་འགྲོ་དང་བདེན་བཞི། ཉིན་གཉིས་པར་རྟེན་འབྲེལ། ཉིན་གསུམ་པར་བྱམས་པ་དང་སྙིང་རྗེ་བཅས་ཀྱི་བརྗོད་བྱའི་ཐོག་ནས་གསུང་ཆོས་དང་། ཚོགས་ཐེངས་གཉིས་པར་འདུས་པ་ཡོངས་རྫོགས་ཚོགས་གུར་ཆེན་མོའི་ནང་སྨོན་ལམ་ཆེན་མོ་ཚོགས་གནང་། H.H. the Gyalwa Drikungpa at the Great Shravasti 3
  དགོང་མོའི་སྐབས་བོད་དང་ཧི་མ་ལ་ཡའི་རིག་གཞུང་གཞས་སྣ་འཁྲབ་སྟོན་ཁག་གཟིགས་འབུལ་ཞུས།
ཡུ་པའི་མངའ་སྡེའི་བློན་ཆེན་མཆོག་ཀྱང་ཉིན་བཞི་པའི་རིག་གཞུང་འཁྲབ་སྟོན་གྱི་གཟིགས་མོར་ཆེད་ཕེབས་གནང་།
ཉིན་ཐ་མའི་ཕྱི་དྲོར་འདུས་པ་ཡོངས་ནས་ཚོགས་ཀྱི་འཁོར་ལོའི་དགྱེས་སྟོན་དང་། བཀྲ་ཤིས་པའི་མེ་ཏོག་ཆར་དུ་བསྙིལ་ཞིང་ཕན་བདེའི་དཔལ་ལ་བཀྲི་བའི་བསྔོ་བ་དང་སྨོན་ལམ་བཅས་ཀྱིས་མཐའ་བརྒྱན་ཏེ་དུས་སྟོན་ཆེན་མོ་ལེགས་པར་གྲུབ་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།
མཉན་ཡོད་ནང་པའི་དུས་སྟོན་གོ་སྒྲིག་ཚོགས་ཆུང་ནས་
སྤྱི་ལ་༢༠༡༥ ཟླ་བ་༡༡ ཚེས་ ༡༢  ལ།

བསམ་ཚུལ་སྤེལ།


Security code
གསར་འདོན་བྱ།