བཤེར་འཚོལ།

History-Banner

བརྟན་བཞུགས་ཆེན་མོའི་པར།

Loading script and Flickr images

14
11
13
12
10
11
9
8
7
6
5
4
3
2
1

གསལ་བསྒྲགས།

སྤྲེལ་ལོའི་བཀའ་ཆོས་ཆེན་མོ།

Monkey Year Teaching  2016 notice  Bodhi༄༅། །སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་མངའ་བདག་འབྲི་གུང་༧སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་ནས་སྤྱི་ལོ་ ༢༠༡༦ ཟླ་བ་ ༨ ཚེས་ ༥ ནས་༡༢ བར་ཉིན་བརྒྱད་ཀྱི་རིང་མང་ཡུལ་ལ་དྭགས་ལ་ལོག་འབྲི་གུང་བཀའ་བརྒྱུད་ཤར་དགོན་ཕུན་ཚོགས་ཆོས་གླིང་དུ་རྒྱལ་ཡོངས་འབྲི་གུང་བཀའ་བརྒྱུད་ཀྱི་སྤྲེལ་ལོའི་བཀའ་ཆོས་ཆེན་མོ་བཀའ་ཁྲིད་གནང་རྒྱུ།  

སྤྲེལ་ལོའི་བཀའ་ཆོས་ཆེན་མོའི་མཛད་རིམ་གཤམ་གསལ

Contact us: https://web.facebook.com/shachukul.gonpa

                   Mail: This email address is being protected from spambots. You need JavaScript enabled to view it.

 

 འཁྲུངས་སྐུར་བསུ་བའི་མེ་ཏོག།

སྐུ་ཡི་མཚན་དཔེ་གངས་རིའི་ལྗོངས་སུ་བཞད།།
གསུང་གི་གྲཊ་པས་ཕྱོགས་བཅུའི་འཛམ་གླིང་ཁྱབ།།
ཐུགས་ཀྱི་མཛད་པ་འཕཊ་པའི་ཡུལ་དུ་བསྐྱངས།།
འགྲོ་བའི་སྐྱབས་མགོན་ཁྱེད་ལ་ཅིས་མི་བསྟོད།།
ཨ་དབྱངས་རྒྱབ་ར་ཁྱུང་དགའ་བཟོད་པ་སོགས།།
ཚད་ལྡན་སྐྱེས་བུ་དུ་མའི་ཞབས་ལ་གཏུཊ།།
ལྔ་ལྡན་ན་རོ་ཆོས་དྲུག་ཉམས་བཞེས་སྐབས།།
གྲུབ་པའི་དབང་ཕྱུག་མི་ལ་དབྱེར་མེད་གྱུར།། བཀའ་བསྟན་སྤྱི་དང་བསྟན་དགོངས་ལ་སོགས་པ།།
འཆད་པས་རིས་མེད་འགྲོ་ལ་ཆོས་ཆར་བསྩལ།། འཁྲུལ་བློ་ཅན་གྱིས་འདྲན་ཟླ་བྱེད་པའི་སྐབས།།
རྩོད་པས་ལོག་སྨྲའི་སྤོབས་པ་འཇོམས་པར་བྱེད།།
བཙན་པོའི་ལོ་རྒྱུས་རྒྱལ་རབས་ཡིག་ཆ་སོགས།།
རྩོམ་པས་རྒྱལ་བའི་དགོངས་པ་ཇི་བཞིན་སྟོན།
མགོན་པོ་ཁྱེད་ཀྱི་སྐུ་ཚེ་བསྐལ་བའི་བར།།
འགྱུར་མེད་རྡོ་རྗེའི་ཁྲི་ལ་བཞུཊ་སུ་གསོལ།།
གངས་རིའི་ཕོ་ཉ་ནས།