H.H. the Gyalwa Drikungpa at the Great Shravasti 1སྤྱི་ལོ་༢༠༡༥ ཟླ་ ༡༡ པའི་ཚེས་ ༣ ནས་སྤྱི་ཚེས་༧ བར་ཉིན་ལྔའི་རིང་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་ཡིད་བཞིན་ནོར་བུ་དབུ་མཆོག་དབུ་བཞུགས་ཐོག འབྲི་གུང་བཀའ་བརྒྱུད་དགོན་སྡེ་ཁག་གི་བླ་སྤྲུ་མཁན་སློབ་འདུས་སྡེའི་ཚོགས་དང་། དེ་བཞིན་འབྲུག་དང་། འབྲས་ལྗོངས། རྒྱ་གར་ནང་པ། སླེ་མི་དང་། ལ་ཕྱི། ལ་དྭགས། རྡེ་ར་རྡུན་བོད་རིགས་གཞིས་ཆགས་ཁག དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་སློབ་ཚོགས་བཅས་འདུས་མང་སྟོང་ཚོ་གཉིས་ལས་བརྒལ་བ་ལྷན་འཛོམས་ཀྱིས་མཉན་ཡོད་ནང་པའི་རིག་གཞུང་དུས་སྟོན་ཆེན་མོ་དངོས་སུ་མཛད་སྒོ་ཚུགས་གནང་བ་རེད།
མཛད་སྒོའི་ཐོག་༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་དང་། སྐུ་མགྲོན་གཙོ་བོ་ས་གནས་རྫོང་དཔོན་ R.Vikram Singh རྣམ་གཉིས་ཀྱིས་སྣང་གསལ་མར་མེ་ཞལ་འབྱེད་གནང་བ་དང་། སྐུ་མགྲོན་གཙོ་བོ་སོགས་གནད་ཡོད་མི་སྣ་ཁག་གིས་མཉན་ཡོད་ནང་པའི་དུས་སྟོན་དང་འབྲེལ་བའི་གསུང་བཤད་གྲུབ་མཚམས།
སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧འབྲི་གུང་༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གིས་སངས་རྒྱས་ཀྱི་ཞབས་རྗེས་འདེད་རྒྱུ་ཟེར་བའི་བརྗོད་གཞིའི་ཐོག་ཟབ་རྒྱས་ཀྱི་བཀའ་སློབ་བསྩལ།

རྒྱས་པར་གཟིགས...

darmasurya1

སྤྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༡ ཉིན་མགོན་པོ་མཆོག་རྒྱལ་སྤྱིའི་གནམ་ཐང་དུ་སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་མཆོག་དང་། ཆོས་ཚོགས་ཀྱིས་བླ་སློབ་ཡོངས་ཀྱིས་ཕེབས་བསུ་ཟབ་རྒྱས་བཅས་ཞབས་སོར་བདེ་བར་འཁོད།
སྤྱི་ཚེས་ ༢༣ བཀྲ་ཤིས་པའི་དུས་བཟང་ཉིན། འབྲི་གུང་བཀའ་བརྒྱུད་དྷརྨ་སུརྱ་ཆོས་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་༧མགོན་པོ་མཆོག་གིས་དབུས་པས་་སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་དང་། ལམ་མཁྱེན་རྒྱལ་པོ་རིན་པོ་ཆེ་སོགས་རིས་མེད་ཀྱི་བླ་གྲ་དགེ་འདུན་གྱི་སྡེ་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། རྒྱལ་སྤྱིའི་བོད་ཀྱི་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། ཨ་རིའི་སྲིད་འཛིན་ཟུར་པ་འཇོར་ཇི་བྷུ་ཤའི་པ་ལགས་ཀྱི་སྲིང་མོ་སོགས་གལ་ཆེའི་མི་སྣ་མང་པོ་མཉམ་ཞུགས་གནང་། དེ་འཕྲལ་བླ་སློབ་ཡོངས་ཀྱིས་བཀྲ་ཤིས་པའི་སྨོན་ཚིག་དང་། མགོན་པོ་མཆོག་གིས་ཐུགས་སྨོན་དང་དེང་ལུགས་ཀྱི་དར་ཚོན་མདུད་པ་བཀྲོལ་ནས་སྒོ་འཕར་ཡངས་པོ་ཕྱེས། ཚོགས་ཁང་དུ་སྣང་གསལ་མར་མེ་ཞལ་འབྱེད་གནང་། བཞུགས་ཁྲི་རིན་པོ་ཆེར་ཞབས་སོར་འཁོད་འཕྲལ་འདུས་མང་ཡོངས་ཀྱིས་བླ་མ་མཆོད་པ་དབུ་འཛུགས་ཀྱིས་མཎྜལ་མཚམས་སུ་སྐྱབས་རྗེ་མགར་ཆེན་རིན་པོ་ཆེས་དབུས་བླ་སློབ་ཡོངས་ཀྱིས་མགོན་པོ་མཆོག་ལ་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས།

 

རྒྱས་པར་གཟིགས...

photo 5༄། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག ཨ་རིའི་མངའ་སྡེ་ཀ་ལི་ཧྤོ་ན་ཡའི་ནང་འབྲི་གུང་སྐྱོབ་པ་ཆོས་གླིང་ཆོས་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་དོན་བཞིན། སྤྱི་ལོ་ ༢༠༡༥ ཟླ ༨ ཚེས་༤ ཉིན་ཆིབས་སྒྱུར་བཀའ་དྲིན་བསྐྱངས་སྐབས། སྒྲུབ་དཔོན་བསམ་གཏན་དང་། ཆོས་ཚོགས་ཁག་གི་བླ་གྲྭ་རྣམ་པ། གཞན་ཡང་དད་སློབ་མི་མང་ཡོངས་ཀྱིས་ཕེབས་བསུ་སེར་བཅས་ཆིབས་སྒྱུར་གནང་།

རྒྱས་པར་གཟིགས...

 

2015-08-17 H.H. Drikung Kyabgon Chetsang  1༄། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧ སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་བྱང་ཨ་རིའི་ཁ་ལི་ཧྥོ་ནི་ཡ་མངའ་སྡེའི་སན་ཧྥན་སེ་སི་ཀོ་གྲོང་ཁྱེར་བོད་རིགས་སྤྱི་མཐུན་ཚོགས་པའི་ཇི་ལྟར་གསོལ་བ་བཏབ་དོན་བཞིན། སྤྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༤ ཉིན་ཆིབས་སྒྱུར་བཀའ་དྲིན་བསྐྱངས་སྐབས། གནམ་ཐང་དུ་མཆོག་སྤྲུལ་བུམ་མང་རིན་པོ་ཆེ་དང་། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གཙོས་པའི་སེར་སྐྱ་མི་དམངས་རྣམས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས།

རྒྱས་པར་གཟིགས...

Drikung Kyabgon Chungtsang and Gelong Tashi Rabten 2015 5སྤྱི་ལོ། ༢༠༡༥ ཟླ་བ་ ༨ ཚེས། ༡༡ ཉིན་གྱི་ཞོགས་པར།         སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧སྐྱབས་མགོན་རྡོ་རྗེ་འཆང་དཀོན་མཆོག་བསྟན་འཛིན་ཆོས་ཀྱི་སྣང་བ་མཆོག་འབྲི་གུང་བཀའ་བརྒྱུད་ཀྱི་རྩ་བའི་གདན་ས་འབྲི་ཐེལ་འོག་མིིན་བྱང་ཆུབ་གླིང་དུ་འཆིབས་སྒྱུར་སྐབས། གདན་སའི་ཁྲི་དཔོན་སོ་བདུན་པ་གྲུབ་དབང་བཀྲ་ཤིས་རབ་བརྟན་མཆོག་དང་། མཁན་པོ་ཁྲི་ཐོག་པ་དཀོན་མཆོག་དོན་གྲུབ་གཙོའི་སེར་སྐྱ་མི་དམངས་ཡོངས་ཀྱིས་བཀྲ་ཤིས་པའི་སེར་སྦྲེང་གི་བསུ་བ་བཅས་ལྷ་ཁང་ཆེན་མོ་གསེར་ཁང་དུ་ཆིབས་བསྒྱུར་གནང་། མགོན་པོ་མཆོག་ནས་རྟེན་གཙོ་སྐྱོབ་པའི་དངུལ་སྐུ་ཆེན་མོར་མཇལ་དར་ཕུལ་རྗེས། ཀླུ་མལ་གྲོ་གཟི་ཆེན་གྱིས་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོར་ཕུལ་བའི་གཟི་ཆེན་བཞུགས་ཁྲི་རིན་པོ་ཆེར་ཞབས་སོར་འཁོད་མཚམས་ཁྲིད་དཔོན་གྲུབ་དབང་བཀྲ་ཤིས་རབ་བརྟན་མཆོག་དང་། གྲྭ་ཚང་གི་དབུ་ལས་ཡོངས་ཀྱི་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། མགོན་པོ་མཆོག་དབུ་བཞུགས་ཐོག་དགེ་འདུན་ཡོངས་ཀྱིས་བླ་མཆོད་བྱིན་རླབས་ཆར་འབེབས་ཀྱི་སྒོ་ནས་ཚོགས་མཆོད་རྒྱས་པ་ཕུལ།

རྒྱས་པར་གཟིགས...

H.H. the Drikung Kyabgon Chetsang in Chicago 2015 10༄༅། །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་འབྲི་གུང་པ་༧སྐྱབས་མགོན་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་མཆོག་ཡོ་རོབ་གྲོང་ཁྱེར་ཧང་གྷ་རིའི་( Hungary) ནང་བསྟན་འགྲོར་སྨན་པའི་མཛད་འཕྲིན་ལེགས་པར གྲུབ་པ་དང་། སྤྱི་ལོ་༢༠༡༥ ཟླ་༧ ཚེས་༡ ཉིན་ཨ་རིའི་གྲོང་ཁྱེར་ Chicago རྒྱལ་སྤྱིའི་གནམ་ཐང་དུ་ཉིན་གུང་ཆུ་ཚོད་ ༡:༣༠ ཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར། Chicagoརཏྣ་ཤྲཱི་སངྒ་ཆོས་ཚོགས་ཀྱི་བླ་སློབ་རྣམས་ནས་ཕེབས་བསུ་ཟབ་རྒྱས་ངང་ཆོས་ཚོགས་སུ་ཞབས་སོར་བདེ་བར་འཁོད་གནང་བ་རེད། 

རྒྱས་པར་གཟིགས...

H.H. Gyalwa Drikungpa in U.A.S 2015༄༅། །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧ སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་སྤྱི་ལོ་༢༠༡༥ ཟླ་ ༦ ཚེས་༨ ཉིན་སྔ་དྲོའི་ཆུ་ཚོད་༡༡:༣༠ ཐོག་ཨ་རའི་གྲོང་ཁྱེར་ Los Angeles རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་མཚམས་ཕེབས་བསུར་འབྲི་གུང་བཀའ་བརྒྱུད་རིན་ཆེན་ཆོས་གླིང་ཆོས་ཚོགས་ཀྱི་སློབ་དཔོན་ཐུབ་བསྟན་ཉི་མའི་གཙོས་བྱང་ཨ་རི་ཁུལ་གྱི་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་ཚོགས་ཁག་གི་སྒྲུབ་བླ་རྣམ་པ་དང་།

རྒྱས་པར་གཟིགས...

H.H. in Limi 2015 1༄༅། །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་སྤྱི་ཚེས་ ༡༢ ཉིན་བལ་ཡུལ་འབྲི་གུང་བཀའ་བརྒྱུད་རིན་གླིང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་།

སྤྱི་ཚེས་ ༡༣ ཉིན་དེ་སྔོན་བལ་ཡུལ་གླེ་མེ་བདེ་དོན་ཚོགས་པའི་མ་ཎི་དུང་སྒྲུབ་ཚོགས་ཁང་གསར་པ་ལེགས་པར་གྲུབ་པའི་དབུ་འབྱེད་རྟེན་འབྲེལ་མཛད་སྒོའི་ཚོགས་མགོན་དུ་ཇི་ལྟར་གསོལ་བ་བཏབ་དོན་བཞིན། ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ། བལ་ཡུལ་གཞུང་ཕྱོགས་ཀྱི་གནད་ཡོད་མི་སྣ་དང་། དམར་ཤོག་ཚོགས་ཁག་གི་སྡེ་དཔོན་སྐུ་ཚབ་རྣམ་པ། དེ་བཞིན་བལ་ཡུལ་སྐུ་ཚབ་དོན་གཅོད་དང་། དེ་བཞིན་ཚོགས་སྡེ་ཁག་གི་དབུ་ལས་རྣམ་པས་གཏམ་བཤད་ཚར་བ་དང་། ༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གིས་བཀའ་སློབ་སྩལ་དོན།

རྒྱས་པར་གཟིགས...

Neychok Lapchi 2015 1སྤྱི་ལོ་ 2015 ཤིང་མོ་ལུག་གི་ལོ་ ཟླ་བ་ ༤ ཚེས་༡ ཉིན་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་གནས་ཁྱད་པར་ཅན་འབྲོག་ལ་ཕྱི་གངས་ཀྱི་ར་བར་ཞབས་ཟུང་གསེར་གྱི་འཁོར་ལོ་བསྒྱུར་བ།

བཀའ་བརྒྱུད་བསྟན་པ་རྒྱ་མཚོའི་མངའ་བདག་ཆེན་པོ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲི་རྒྱལ་ཚབ། ༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་མཆོག

རྒྱས་པར་གཟིགས...

5-16སྤྱི་ལོ་ ༢༠༡༥་ ཟླ་ ༣ ཚེས་ ༡༢ ཉིན་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས། ལ་དྭགས་གླེ་ཇོ་ཁང་དུ་མ་ཎིའི་སྒྲུབ་ཆེན་སྐབས་དད་ལྡན་ཆོས་ཞུ་བ་ཡོངས་ལ། འཕགས་པ་སྤྱན་རས་གཟིགས་ཀྱི་སྙིང་པོ་ཡི་གེ་དྲུག་མའི་གཟུངས་སྔགས་བཀའ་ཁྲིད་གནང་དོན།

རྒྱས་པར་གཟིགས...

25དེ་ཡང་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༸སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གིས་སྔ་ལོ་ནས་ལ་དྭགས་གཙོས་ཧི་མ་ཡི་རི་རྒྱུད་དེང་གི་གོ་ལར་ཚ་དྲོད་མི་སྙོམ་པའི་དབང་གིས་སྐྱེ་འགྲོ་འཚོ་གནས་དཀའ་བར་གཟིགས་རྒྱང་བླ་ན་མེད་པའི་དགོངས་གཞིའི་ཐོག་ཁ་སེང་སྤྱི་ལོ་ ༢༠༡༥ ཟླ་ ཚེས་ ༡༤ སྟེ་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཆོ་འཕྲུལ་ཟླ་བའི་དུས་བཟང་ཉིན་ལ་དྭགས་གཞུང་ལས་འགོ་གཙོ་རྣམ་པ་དང་།

རྒྱས་པར་གཟིགས...

4-15༅། །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག ལ་དྭགས་ཀྱི་ཏོག་ཡུལ་དམག་ཟུར་ལྷག་བསམ་ཚོགས་པས་ཇི་ལྟར་གསོལ་བ་བཏབ་དོན་བཞིན། སྤྱི་ལོ་ ༢༠༡༥ ཟླ་ ཚེས་ ༡༣ ཉིན།

རྒྱས་པར་གཟིགས...

5-90

 

 

སྤྱི་ལོ་ ༢༠༡༥ ཟླ་ ཚེས་ ༡༤ ཉིན་ལ་དྭགས་གླེ་ཇོ་ཁང་དུ་མ་ཎིའི་སྒྲུབ་ཆེན་ཉིན་མཐའ་མར། བྱམས་པ་རིན་པོ་ཆེ་དང་ཐེ་ཝན་ནང་པའི་ཚོགས་པས་ཇི་ལྟར་གསོལ་བ་བཏབ་དོན་བཞིན། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས།

རྒྱས་པར་གཟིགས...

5-14༄༅། །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་དྭགས་གླེ་ཇོ་ཁང་དུ་མ་ཎིའི་སྒྲུབ་ཆེན་འཚོགས་མགོན་དུ་ཞབས་སོར་བཀའ་དྲིན་བསྐྱངས་པ།

དེ་ཡང་ལ་དྭགས་སྐུ་ཞབས་དཔལ་འབྱོར་ལགས་ཀྱི་གཙོས་མང་ཚོགས་ཀྱིས་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་མ་ཎིའི་འཚོགས་མགོན་དུ་གསོལ་འདེབས་ཞུས་དོན་བཞིན་ཞལ་བཞེས་བཀའ་དྲིན་སྤྱི་སྨིན་བྱུང་ནས། སྤྱི་ལོ་༢༠༡༥ ཟླ་ ཚེས་ ༡༠ ཉིན།

རྒྱས་པར་གཟིགས...

Gyalwa Drikungpa 2015-4༅། །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་ཐེ་ཝན་དབུས་ཤིན་སྒྲོལ་ས་གནས། བོལ་ཡོན་ཀོན་ཞེས་པའི་དགོན་བླ་མ་དགེ་སློང་ཧའི་ཐའོ་དང་དད་ལྡན་སློབ་འབངས་རྣམས་ནས་ཇི་ལྟར་གསོལ་བ་བཏབ་དོན་བཞིན།

རྒྱས་པར་གཟིགས...

H.H. the Drikung Kyabgon Chetsang in Taiwan 2015༅། །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་ཐེ་ཝན་ཁམས་ཕྱོགས་འབྲི་གུང་བཀའ་བརྒྱུད་བཀྲ་ཤིས་དགོན་གྱི་ཆོས་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་དོན་བཞིན་སྤྱི་ལོ་༢༠༡༥ ཟླ་ ཚེས་ ༢༨ ཉིན་༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་ཐེ་ཝན་རྒྱལ་ས་ཐེ་པེ་ནས་ཕེབས་ཁྲུལ་ཐོག་གྲོང་ཁྱེར་ཐེ་ཀྲུང་དུ་ཞབས་སོར་འཁོད་པ་དང་། དབུ་མཛད་ཡེ་ཤེས་རབ་རྒྱས་དང་། རྙིང་མའི་ཀ་ཐོག་རིག་འཛིན་རིན་པོ་ཆེ།

རྒྱས་པར་གཟིགས...

Jamokashir༄༅། །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་སྤྱི་ ༢༠༡༤ ཟླ་ ༡༠ ཚེས་ ༡༡ ཉིན་བལ་ཡུལ་དུ་མཛད་རིམ་ལེགས་པར་གྲུབ་རྗེས་ཇཱམ་མུ་ཀ་ཤི་མིར་མངའ་སྡེའི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཇི་ལྟར་གསོལ་བ་བཏབ་དོན་བཞིན་འཆིབས་སྒྱུར་བཀའ་དྲིན་བསྐྱངས་སྐབས། ལ་དྭགས་མཐོ་རིམ་སློབ་གྲྭ་ནས་ཀྱང་བླང་དོར་བཀའ་སློབ་ལམ་སྟོན་ཡོང་བར་གསོལ་འདེབས་ཞུས་པ་ལྟར་མགོན་པོ་མཆོག་གིས་སློབ་གྲྭ་དེར་སྤྱིར་ཤེས་ཡོན་སློབ་སྦྱོང་དང་། ལྷག་པར་མི་གཤིས་ཀུན་སྤྱོད་བཟང་པོ་བྱ་ཐབས་གལ་ཆེན་ཡིན་པའི་སྐོར་དང་།

རྒྱས་པར་གཟིགས...

Gyalwa Drikungpa in Taiwan 2015 -11༄༅། །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་སྤྱི་ལོ་༢༠༡༤ ཟླ་ ༡༠ ཚེས་ ༢༧ ནས་ཟླ་༡༡ ཚེས་༢༣ བར་ཡུ་རོབ་འབྲི་གུང་བཀའ་བརྒྱད་ཀྱི་ཆོས་ཚོགས་ཁག་ཏུ་དད་ལྡན་སློབ་མ་རྣམས་ལ་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ཁྲིད་ལྷག་པར་འཇར་མེན་ནང་དུ་སྒྲུབ་ཁང་གསར་པར་ཁྲུས་གསོལ་རབ་གནས་དང་། ལོ་གསུམ་ཕྱོགས་གསུམ་བཞུགས་མཁན་རྣམས་ལ་བླང་དོར་བཀའ་སློབ་ཟབ་མོ་བསྩལ།

རྒྱས་པར་གཟིགས...

photo 4

༈ སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་འབྲུག་ཡུལ་ཕྱོགས་སུ་བསྟན་འགྲོའི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། སྔ་ལོར་བལ་ཡུལ་འབྲི་གུང་བཀའ་བརྒྱུད་རིན་ཆེན་གླིང་དགོན་ནས་དཔལ་འཁོར་ལོ་བདེ་མཆོག་གི་སྒྲུབཀྱ་མཆོད་ཆེན་མོའི་ཚོགས་མགོན་དུ་ཇི་ལྟར་གསོལ་བ་བཏབ་དོན་བཞིན་སྤྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡ ཉིན་ཞོགས་པ་འབྲུག་རྒྱལ་སྤྱིའི་གནམ་ཐང་ནས་མཁའ་ལམ་བརྒྱུད་བལ་ཡུལ་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་འཁོད་པ་དང་།  

རྒྱས་པར་གཟིགས...

More Articles...

  1. ༄༅། །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་གདན་རབས་ ༣༧ པ་འབྲི་གུང་༧སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་འབྲུག་ཡུལ་ལ་འཆིབས་བསྒྱུར་གནང་།
  2. ༄༅། །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་གདན་ས་བྱང་ཆུབ་གླིང་དུ་ཞབས་སོར་བདེ་བར་འཁོད་པ།
  3. ༄༅། །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་ལ་དྭགས་ནང་པའི་བརྒྱུད་ཤུལ་གྱི་རྒྱལ་སྤྱིའི་དུས་སྟོན་ཐེངས་གསུམ་པའི་ཚོགས་མགོན་དུ་ཞབས་སོར་བཀའ་དྲིན་བསྐྱངས་པ།
  4. ༄༅། །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་འཕགས་ཡུལ་གདན་ས་བྱང་ཆུབ་གླིང་དུ་ཞབས་སོར་བདེ་བར་འཁོད་པ།