འདྲེན་མཆོག་བླ་མ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལ་ཕུལ་ 
བའི་དད་གསུམ་ཡིད་ཀྱི་མཆོད་རྫས།


རྣམ་འདྲེན་རྒྱལ་བའི་མདོ་རྒྱུད་དུ་མ་ལས།།
ཡང་ཡང་ལུང་གི་སྔགས་པའི་རཏྣ་ཤྲི།
གང་གི་ཟབ་དོན་སྙིང་པོ་བསྟན་པའི་ཆོས།།
མ་ནོར་ཐུགས་ཆུད་འཕྲིན་ལས་ལྷུན་གྲུབ་འདུད།།


ཐོས་བསམ་སྒོམ་པས་ཤེས་བྱའི་གནས་ལུགས་མཁྱེན།།
འཆད་རྩོད་རྩོམ་གྱིས་འགྲོ་ལ་རྗེས་གཟུང་བརྩེ།།
མཁས་བཙུན་བཟང་པོས་ཉེས་ཀུན་འཇོམས་པར་ནུས།།
སུམ་ལྡན་བླ་མའི་ཞབས་པད་སྤྱི་བོར་བཀོད།།


ལྷུན་པོ་ལྟར་བརྟན་མི་ཤིགས་རྡོ་རྗེའི་སྐུ།།
ཟབ་གསང་འགག་མེད་ཚངས་དབྱངས་དྲུག་བཅུའི་གསུང་།།
གཉིས་མེད་དོན་རྟོགས་མཁྱེན་པའི་ཡེ་ཤེས་ཐུགས།།
སྐུ་གསུམ་ཀུན་འདུས་བླ་མ་རྗེ་ལ་འདུད།།


གང་གི་ཐུགས་རྗེའི་འཕྲིན་ལས་འོད་ཟེར་གྱིས།།
འགྲོ་རྣམས་བླ་མེད་བྱང་ཆུབ་མ་ཐོབ་བར།།
མི་ནུབ་ཆོས་ཀྱི་རྒྱལ་མཚན་བསྐལ་བརྒྱའི་ཡུན།།
སྲིད་ཞིའི་གཙུག་གི་རྒྱན་དུ་བསྒྲེང་བར་ཤོག།།

བོད་རྒྱལ་ལོ༢༡༤༢ཆུ་སྟོད་ཟླ་བའི་དཀར་ཕྱོགས་སུ་འབྲོང་ངུར་དགོན་གྱི་གྲྭ་དཀོན་མཆོག་བླ་མེད་ནས་ཕུལ་བར་དགེ།

བསམ་ཚུལ་སྤེལ།


Security code
གསར་འདོན་བྱ།