བཅོས་མིན་དད་པའི་གསོལ་འདེབས།

ཆོས་རྣམས་ཀུན་གྱི་གནས་ལུགས་རྟེན་འབྲེལ་གཤིས།།
ཇི་བཞིན་གཟིགས་ནས་སྐལ་ལྡན་འདུལ་བྱ་རྣམས།།
སྨིན་གྲོལ་ཐར་པའི་ལམ་དུ་ཁྲིད་མཛད་པའི།།
ཤཱཀྱའི་དགེ་སྦྱོང་ཆེན་པོར་གུས་ཕྱག་འཚལ།།

ཐོས་སྒོམ་ཡ་བྲལ་དབང་དུ་མ་སོང་བར། །
དམ་པ་གོང་མ་རྣམས་ཀྱི་གཤེགས་ཤུལ་དེར། །
གཅིག་ཏུ་བསྙེགས་ཤིང་རང་རིག་མངོན་གྱུར་བ།།
བདག་གི་བླ་མ་རྣལ་འབྱོར་ཆེན་པོར་འདུད།

སྔོན་ཚེ་ཐུབ་པའི་སྤྱན་སྔར་ལི་ཙཱ་བི། །
བར་དུ་སྐྱུ་རའི་གདུང་ལས་འབྲི་གུང་པ། །
ད་ལྟ་བསྟན་པ་འཛིན་པའི་ཀུན་བཟང་མཆོག། 
ཐུགས་དགོངས་འགྲུབ་སྟེ་སྐུ་ཚེ་རྟག་བརྟན་ཤོག།


མགོན་པོ་གང་ཉིད་ཀྱི་འཁྲུངས་སྐར་དུས་བཟང་ཉིན་སྤྲུལ་སྐུ་བསྟན་འཛིན་ནོར་བུས།

བསམ་ཚུལ་སྤེལ།


Security code
གསར་འདོན་བྱ།