ཆོས་འཁོར་དུས་བཟང་སྐྱབས་མགོན་བྱོན།།

ལྟ་སྒོམ་སྤྱོད་པའི་ཉམས་ལེན་ཕྱུག །
ཕྱག་ཚུལ་གནད་གཅིག་མངོན་དུ་གྱུར།
ལུང་རྟོགས་དམ་ཆོས་སྤེལ་སླད་དུ།།
ཆོས་འཁོར་དུས་བཟང་སྐྱབས་མགོན་བྱོན།།



གཞན་ཕན་བདག་ཉིད་འགྲོ་བའི་མགོན།།
དཀའ་ཚེགས་ཀུན་ལ་མ་འཛེམས་པར།།
སེམས་ཅན་རེ་བ་སྐོང་སླད་དུ།།
སྟོན་པའི་རྒྱལ་ཚབ་སྐྱབས་མགོན་བྱོན།།

མེས་པོའི་སྲོལ་རྒྱུན་རིག་གཞུང་ཀུན།།
ཁོག་པའི་སྙིང་ལྟར་གཅེས་སྤྲས་བཟུང་།།
ཕྱི་རབས་གང་ཟག་ཕན་སླད་དུ།།
ཆོས་འཁོར་དུས་བཟང་སྐྱབས་མགོན་བྱོན།།

དེང་དུས་དུས་རབས་ལ་མཁོ་བའི།།
རིག་གནས་རྒྱལ་རབས་ལྗགས་རྩོམ་མཛད།།
དུས་རབས་བསྟུན་པའི་གདུལ་བྱའི་སླད།།
ཆོས་འཁོར་དུས་བཟང་སྐྱབས་མགོན་བྱོན།།



གུས་ལྷག་བསམ་ནས་༧སྐྱབས་མགོན་ཡིད་བཞིན་ནོར་བུའི་སྐུའི་འཁྲུངས་སྐར་ལ་མེ་ཏོག་ཆུང་ཡང་མཆོད་རྫས་ཀྱི་ཚུལ་དུ་ཕུལ་ལོ།། །།

བསམ་ཚུལ་སྤེལ།


Security code
གསར་འདོན་བྱ།